འཕགས་པ་རྣམ་གྲོལ་སྡེའི་སྡེ་ཚན།

  གང་གི་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ། དམ་པའི་ཆོས་ནི་སྟོན་མཛད་པའི། །གོོ་ཏམ་དེ་ལ་ཕྱག་མཚལ་ལོ། །   ཞེས་མཆོད་པར་...

 



གང་གི་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།

དམ་པའི་ཆོས་ནི་སྟོན་མཛད་པའི། །གོོ་ཏམ་དེ་ལ་ཕྱག་མཚལ་ལོ།

 

ཞེས་མཆོད་པར་བརྗོད་པའི་ལེགས་ཚིག་གསེར་གྱི་མེ་ཏོག་སྔོན་དུ་འཐོར་ནས། འདིར་གང་ཞིག་གླེང་བར་བྱ་བ་ཡང་། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་དེའི་མཚན་ལེགས་པར་བརྗོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱའི་མཚན་དོན་འགྲེལ་པ་ཞུ་རྒྱ་ཡིན་པས།   དེ་ལ་དང་པོར་གོ་རྟོག་ཡངས་པའི་ཕྱིར་ས་བཅད་རྣམ་པ་གཉིས་ཏེ།  སྤྱིར་མཚན་དོན་བཤད་པ་དང་།  བྱེ་བྲག་བཀའ་བསྟན་ལ་དཔྱད་པ།  དང་པོ་ལའང་ཚིག་བྲུ་རེ་རེའི་དོན་བཤད་ནས་བཅུད་བསྡོམས་བྱེད་པ་དང།  རྩོད་པ་སྤང་བའོ།།  དང་པོ་ནི།  ཤེས་རབ་ནི། འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་།  སྐབས་འདིར་ཐེག་ཆེན་གྱིས་བསྡུས་པའི་བསླབ་པ་གསུམ་ཕྱིན་ཅི་མ་ལོག་པ་རབ་ཏུ་རྣམ་པར་འབྱེད་པ་ལ་གོ་དགོས། དེ་ཡང།  རྒྱན་ལས། ཤེས་བྱ་ཡང་དག་རབ་རྣམ་འབྱེད་།། ཅེས་པ་ལྟར། སྐབས་འདིར་བསྟན་གྱི་བརྗོད་བྱ་ལས་ཤེས་སོ།།   ཕ་རོལ་ཏུ་ཕྱིན་པ་ནི།  ཕ་རོལ་ཏུ་སོན་པ་སྟེ་སངས་རྒྱས་ཀྱི་སར་ཕྱིན་པའམ། ཡང་ན།  ཕུལ་དུ་བྱུང་བའི་དོན་ལའང་གོ་དགོས་པས།  དེ་ལྟ་བུའི་ཤེས་རབ་ཕུལ་དུ་ཕྱིན་པའམ་ཕ་རོལ་ཏུ་ཕྱིན་པ་བརྗོད་བྱར་བྱེད་པ་ནི་བཀའ་བར་པ་ཡུམ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་རྣམས་ཡིན་པས་སྐབས་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞུང་ཤེར་ཕྱིན་ལ་གོ་དགོས་ཏེ།། ཀུན་མཁྱེན་ཆེན་པོས།  གང་བཤད་པར་བྱའི་ཆོས་ནི་གཞུང་ཤེར་ཕྱིན་ནོ།།  ཞེས་སོ།། མན་ངག་ནི།  ཨུ་པ་དེ་ཤའི་སྒྲ་ལས་དྲང་ན།  ཨུ་པ་ནི་ཉེ་བ། དེ་ཤ་ནི་བསྟན་པ་ལ་གོ་བས།  དོན་རྒྱ་ཆེ་བ་རྣམས་ཐབས་ཉེ་བར་བསྟན་པའམ་ཉུང་ངུས་སྦས་དོན་གསལ་བར་བྱེད་པ་ཞིག་ལ་མན་ངག་ཅེས་བྱའོ།། བསྟན་བཅོས་ནི། འདུལ་བྱའི་རྒྱད་ཀྱི་ཉོན་མོངས་པའི་དགྲ་རྣམས་འཆོས་ཤིང་།  ངན་འགྲོ་དང་སྲིད་པའི་དུཿ་ཁ་ལས་བསྐྱབ་པར་བྱེད་པས་ན་བསྟན་བཅོས་ཞེས་བྱ་ལ།  ཡང་ན་བརྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་རྒྱལ་བའི་དགོངས་པ་འགྲེལ་བ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཞིག་ལ་བསྟན་བཅོས་ཞེས་བྱའོ།།  མངོན་པར་རྟོགས་པ་ནི།  སྤྱར་ཤེས་བྱའི་ཡུལ་མངོན་སུམ་དུ་ཤེས་པའམ་ཁོང་དུ་ཆུད་པ་ལ་གོ་དགོས་ཀྱང་།  སྐབས་འདིར་རྣམ་མཁྱེན་སོགས་མངོན་རྟོགས་བརྒྱད་པོ་ལ་གོ་དགོས་ཏེ།།  རྩ་བ་ལས།  ཤེས་རབ་ཕ་རོལ་ཕྱིན་པ་ནི།།  དངོས་པོ་བརྒྱད་ཀྱིས་ཡང་དག་བཤད་།།  ཅེས་གསུངས་སོ།།  རྒྱན་ཞེས་པ་ནི།  མཛེས་པར་བྱེད་པའམ་དགའ་བར་སྐྱད་པར་བྱེད་པ་ཞིག་ལ་རྒྱན་ཞེས་བྱ་སྟེ། དེའང་ཡུམ་ཤེར་ཕྱིན་གྱི་ལུས་བཟང་པོ་ལ་མངོན་རྟོགས་བརྒྱད་དང་དོན་བདུན་བཅུའི་གདུ་བུ་སོགས་ཀྱིས་སྤྲས་ནས་མཛེས་པར་བྱེད་པ་དང་། དེ་དག་ལ་འདུལ་བྱ་གཞན་གྱིས་དགའ་བར་བྱེད་པ་དང་རང་ཉིད་ཀྱིས་ཀྱང་གསལ་བྱེད་མེ་ལོང་ནང་དུ་མཛེས་ལྡན་དུ་ཤར་བ་མཐོང་བ་ན་དགའ་བ་སྐྱད་པས་བདག་གཞན་གཉི་ག་དགའ་བར་སྐྱད་པར་བྱེད་པ་ཡིན་ནོ།།   དེ་དག་ཀྱང་བཅུད་བསྡོམས་བྱེད་ནས་ སླར་ཡང་བོད་སྐད་ཀྱི་ཚིག་དོན་ཞིབ་འགྲེལ་བྱས་ན། བཀའ་བར་པ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་བརྗོད་བྱའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཐབས་དམ་པ་དང༌། གདུལ་བྱའི་རྒྱད་ཀྱི་ཉོན་མོངས་པའི་དགྲ་ཐམས་ཅད་མ་ལུས་པར་འཆོས་པར་བྱེད་ཅིང་། ངན་འགྲོ་དང་སྲིད་པའི་འཇིགས་པ་ལས་སྐྱབ་པར་བྱེད་པའི་ཁྱད་འཕགས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གདམས་ངག་ཟབ་མོ་སྟེ་མན་ངག་གི་བསྟན་བཅོས་འདི་ནི། གཞི་རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ། མཛེས་བྱེད་ཀྱི་རྒྱན་མངོན་པར་རྟོགས་པའི་རིམ་པ་དངོས་པ་བརྒྱད་དང་དོན་བདུན་ཅུས་ལེགས་པར་སྤྲས་པ་འདི་ཉིད། གསལ་བར་བྱེད་པའི་མེ་ལོང་ལྟ་བུའི་རྒྱན་དུ་གྱུར་པས་ན་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ཡིན་ནོ།།  

གཉིས་པ་་རྩོད་པ་སྤོང་བ་ནི།   

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དང་།  མངོན་པར་རྟོགས་པའི་རྒྱན་ལ་ཁྱད་པར་ཡོད་དམ་མེད?   ཡོད་པར་མི་འཐད་དེ་།  དེ་གཉིས་རྣམ་གྲངས་ཡིན་པའི་ཕྱིར་དང་།  མེད་ན་བརྗོད་བྱ་གཅིག་ལ་རྗོད་བྱེད་ཀྱི་ཚིག་གཉིས་སུ་བརྗོད་པས་ཟློས་སོ་ཞེས་སྨོས་ན།  དེ་གཉིས་ལ་ཁྱད་པར་ཡོད་དེ་།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་པ་ནི་བསྟན་བཅོས་ཀྱི་བརྗོད་བྱའམ་དོན་ཡིན་ལ།  མངོན་པར་རྟོགས་པའི་རྒྱན་ཞེས་པ་ནི་འདྲ་བ་རྒྱ་མཚན་དུ་བྱེད་པའི་དཔེའམ་མིང་ཡིན་པས་ཁྱད་པར་ཆེའོ།།

བྱེ་བྲག་བཀའ་བསྟན་ལ་དཔྱད་པ་ནི།

འོ་ན་རྒྱན་འདི་ལ་མན་ངག་གི་བསྟན་བཅོས་ཞེས་མཚན་དེ་ལྟར་ཐོགས་པ་ཡིན་ན། བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་གང་ཡིན་སྙམ་ན། སྤྱར་བཀའ་ཞེས་པ་ནི་འཇིག་རྟེན་པ་ལྟར་ན་དཔོན་པོའི་བཀའ་དང་ཕ་མའི་བཀའ་ཞེས་དེ་ལྟ་བུའི་ཐ་སྙད་འཇུག་ས་མང་དུ་ཡོད་ཀྱང༌། འདིར་བསྟན་བཀའ་ཞེས་པ་ནི་སངས་རྒྱས་ཀྱི་གསུང་རབ་ཡིན་ཏེ།  བདག་རྐྱན་སངས་རྒྱས་ལས་བྱུང་བའི་ངག་གང་ཞིག སྤོབས་པ་བཞི་ལྡན་གྱི་ལུང་རྣམ་དག རྒྱད་བླ་མ་ལས།   གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་།།  ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས།། ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་།། དེ་ཉིད་དྲང་སོང་གསུང་ཡིན་ལྡོག་པ་གཞན།།  ཅེས་སོ།།  དེ་ཡང་ཞལ་ནས་གསུང་པའི་བཀའ།   བྱིན་གྱིས་རླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ་ཡོད་ལ། དང༌པོ་ནི་མདོ་རྡོར་གཅོད་ལྟ་བུ་དང་། གཉིས་པ་ལ་སྐུས་བྱིན་གྱིས་བརླབས་པ་དང་།

གསུང་གིས་བྱིན་གྱིས་བརླབས་པ། ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། ། དང་པོ་ནི་སངས་རྒྱས་ཀྱི་ཕྱག་གཡས་པ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོའི་སྤྱ་བོར་བཞག་མ་ཐག་ཏུ་དེས་ས་བཅུ་པའི་མདོ་ཐོགས་མེད་དུ་གསུངས་པ་ལྟ་བུ་དང༌། གཉིས་པ་གསུང་གིས་བྱིན་གྱིས་བརླབས་པ་ནི། བརྒྱད་སྟོང་པ་ལས། དེ་ལྟར་སྤོབས་པ་བསྐྱད་ཅིག་ཅེས་གསུངས་མ་ཐག་ཏུ་རབ་འབྱོར་གྱིས་ཤེར་མདོ་གསུངས་པ་ལྟར་དང༌། གསུམ་པ་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལའང་གསུམ་ཡོད་དེ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ནི།  སྤྱན་རས་གཟིགས་དང་ཤཱ་རིས་བུ་གཉིས་ཀྱིས་ཤེས་རབ་སྙིང་པོ་གསུངས་པ་ལྟ་བུ་དང་། ཐུགས་བདེན་པས་བྱིན་གྱིས་བརླབས་པ་ལས་ལྗོན་ཤིང་དང་ལྷ་ཡི་རྔ་བོ་ལས་ཆོས་སྟོན་པ་ལྟ་བུ་དང༌། ཐུགས་འཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པ་ནི་ལྷ་ཀླུ་སོགས་རང་རང་གིས་སྔགས་སྨྲས་པས་ནད་ཞི་བ་ལྟ་བུའོ།།  བསྟན་བཅོས་ཀྱི་མཚན་ཉིད་ནི།  ཀུན་མཁྱེན་ཆེན་པོས།  སངས་རྒྱས་ལས་གཞན་པས་བྱས་པའི་བཀའི་དགོངས་འགྲེལ།།  ཞེས་གསུངས་པ་ལྟར་ཡིན་ལ།  དེ་ལ་དབྱེ་ན།   དོན་མཆོག་ལྡན་པའི་བསྟན་བཅོས།  དུཿཁ་སྤང་པའི་བསྟན་བཅོས། སྒྲབ་ལྷུར་ལེན་གྱི་བསྟན་བཅོས་དང་གསུམ་མོ།།  དེ་ལ་འདི་ལྟར་དོགས་ཏེ།  བཀའ་དང་བསྟན་བཅོས་གཉིས་མི་འགལ་བར་ཐལ། བཀའ་ཡིན་ན་བསྟན་བཅོས་ཡིན་དགོས་པའི་ཕྱིར་ཏེ། བཀའ་ཡིན་ན་སྒྲབ་པ་ལྷུར་ལེན་གྱི་བསྟན་བཅོས་ཡིན་དགོས་པའི་ཕྱིར་ཏེ། གཏན་ལ་དབབ་པ་བསྡུ་བ་ལས།  དེ་ལ་སྒྲབ་པ་ལྷུར་ལེན་པའི་བསྟན་བཅོས་གང་ཞེ་ན། འདི་ལྟ་སྟེ།  རྒྱལ་བའི་བཀའ་ཉིད་དོ་།། ཞེས་གསུངས་པའི་ཕྱིར།  ཞེས་དང་།  འདོད་ན། སངས་རྒྱས་ཀྱི་གསུང་དང་སེམས་ཅན་གྱི་ངག་མི་འགལ་བར་ཐལ་ལོ་ཞེ་ན།  རང་ཉིད་ཀྱིས་སེམས་ཚུལ་ལྟར་ན།  བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བཀའ་དང་བསྟན་བཅོས་གཉིས་འགལ་ཡང་།  སྤྱར་བཀའ་བསྟན་གཉིས་མི་འགལ་ཏེ། བཀའ་ཡིན་ན་བསྟན་བཅོས་ཡིན་པས་ཁྱབ་པ་སློབ་དཔོན་ཐོགས་མེད་ཀྱི་དགོངས་པ་ལྟར་མིན་ནམ་སྙམ་མོ།།


ཆོས་འཆད་པ་ལས་བྱུང་བ་ཡི།།  དགེ་བ་བདག་གིས་གང་ཐོབ་པ།།

འདི་ནི་སྐྱས་བོ་ཐམས་ཅད་ལ།།  ཆོས་འཆད་སྤོབས་པ་ཐོབ་པར་ཤོག།   

དགེའོ།།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: འཕགས་པ་རྣམ་གྲོལ་སྡེའི་སྡེ་ཚན།
འཕགས་པ་རྣམ་གྲོལ་སྡེའི་སྡེ་ཚན།
https://blogger.googleusercontent.com/img/b/R29vZ2xl/AVvXsEiF8tAgprUGwWpdirAVljMdGkZUAPC0s9-FPMuzsWUJo89_OhpVCVXYdRM5JvaBZjywCFfWNvCMxF7rfy8UzZ9PYXGOdPpuPqkUZ3Cd_rivspHBmnbLq9MXzjK08cGYprR2nWgre841x_TTPAXU2lNlv9lpY1UOTeXvqRyqgtYQ3SLnoJ7nOSBzkDUh/s320/pngegg-9.png
https://blogger.googleusercontent.com/img/b/R29vZ2xl/AVvXsEiF8tAgprUGwWpdirAVljMdGkZUAPC0s9-FPMuzsWUJo89_OhpVCVXYdRM5JvaBZjywCFfWNvCMxF7rfy8UzZ9PYXGOdPpuPqkUZ3Cd_rivspHBmnbLq9MXzjK08cGYprR2nWgre841x_TTPAXU2lNlv9lpY1UOTeXvqRyqgtYQ3SLnoJ7nOSBzkDUh/s72-c/pngegg-9.png
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_2.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_2.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content