མཛོད་མཆོད་བརྗོད།

  སྐྱེ་བ་ལྔ་བརྒྱར་པཎྚི་ཏར་གྱུར་འདིར།། གཅེན་གྱི་དྲིན་ལན་ཕྱིར་མི་ལྡོག་ཐོབ་པ།། གཞུང་ལུགས་འབུམས་སྡེ་གོ་དགུའི་གླེགས་བམ་ཆེ།། དབྱེག་གཉེན་སངས་...

 



སྐྱེ་བ་ལྔ་བརྒྱར་པཎྚི་ཏར་གྱུར་འདིར།།

གཅེན་གྱི་དྲིན་ལན་ཕྱིར་མི་ལྡོག་ཐོབ་པ།།

གཞུང་ལུགས་འབུམས་སྡེ་གོ་དགུའི་གླེགས་བམ་ཆེ།།

དབྱེག་གཉེན་སངས་རྒྱས་གཉིས་པ་གྲགས་ལ་འདུན།།

 

༡ པོ་བརྫོད་དོན་ནི། སློབ་དཔོན་དབྱིག་གཉེན་མཛད་པའི་བསྟན་བཅོས་མངོན་པར་མཛོད་ཀྱི་མཆོད་པར་བརྗོད་པའི་སྐོར།  གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས་། ། ཞེས་གསུངས་ཏེ། 

 

༢ པ་མཁས་པ་ཡོངས་ཀྱི་དགོངས་པའམ་བཞེད་ཚུལ།

དང་པོ་དབྱིག་གཉེན་ཞལ་ལུང་ལས་ གང་ཞིག་སྟེ་སྤྱི་སྒྲ་དེ་བྱེ་བྲག་ཏུ་སྟོན་པ་བཅོམ་ལྡན་འདས་དང་འབྲེལ་པས་དེ་ལའོ། དེའང་དོན་གཉིས་ཕུན་སུམ་ཚོགས་པ་སྟེ་སྐྱེ་མཆེད་བཅུ་གཉིས་སོགས་ཤེས་བྱ་ཀུན་ལ་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་གཏན་ནས་བཅོམ་པ་སྟེ་རང་དོན་ཕུན་སུམ་ཚོགས་པ་དང་། གང་སྤེལ་གྱིས་ཀུན་ལ་ཞེས་པས་སྤངས་པ་དང་། གཏན་ནས་ཞེས་པས་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་པ་བཞེད། གཞན་དོན་ཕུན་སུམ་ཚོགས་པ་ནི། ཟག་བཅས་ཀྱི་ཕུང་པོ་ལྔའི་རྒྱུན་སྐྱེ་འཆིས་རྒྱུད་མར་འཁོར་བ་བརྒལ་བར་དཀའ་བས་འདམ་རྫབ་དང་ཆོས་མཐུན་པའི་སྡུག་བསྔལ་གསུམ་ལས། ༡ པོ་དེར་བྱིང་བའི་འགྲོ་སྐྱབས་མེད་པ་རྣམས་ལ་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱངས་ཏེ་དྲངས་པར་མཛད་པ་ཡིན་གྱི། ༢ རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་མ་ཡིན་ཏེ། ༣ ཆོས་ཇི་ལྟར་སྟོན་ན་རང་རང་གི་ཁམས་དབང་བསམ་པ་སོགས་སྐལ་པ་དང་འཚམས་པར་བླང་དོར་གྱི་དོན་ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་སྟེ། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས་སོ།།   ༢ པ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་གསུང་འབུམ་ལས།  གང་ཞིག་ཅེས་པ་ནི་སྤྱིའི་སྒྲ་ཡིན་ཀྱང་ཁྱད་པར་གྱི་ཆོས་ཀྱི་སྒོ་ནས་བྱེ་བྲག་སངས་རྒྱས་ལ་འཇུག་པ་ཡིན་པས། དེས་ན་སངས་རྒྱས་གང་ཞིག་ཅེས་བྱ་ལ། སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཤེས་བྱའི་ཆོས་ཀུན་ལ་བློའི་མུན་པ་མ་ལུས་པ་དེ་ཡོངས་སུ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཏེ་རྩ་བ་དྲུང་ནས་བཅོམ་ཞིང་། ཡང་དག་པའི་བདེན་བཞི་བླང་དོར་གྱི་དོན་མཐོང་བ་ལ་གེགས་སུ་གྱུར་པ་ཡིན་པའི་ཕྱིར་ན་མུན་པ་ཞེས་བྱ་ལ།

དེ་ལྟ་བུའི་མུན་དེ་ཉིད་བཅོམ་ལྡན་འདས་ཀྱིས་སླར་མི་སྐྱེ་བའི་ཆོས་ཅན་དུ་སྤངས་ཟིན་པའི་ཕྱིར། དེས་ན་གཏན་ནས་བཅོམ་པ་ཞེས་བྱ་ལ། ཉན་རང་རྣམས་ཀྱིས་འཁོར་བ་ལ་སྐྱེ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཅན་གྱི་མུན་པ་དེ་ཉིད་སྤངས་ཟིན་པའི་ཕྱིར་ན་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་ལ་མུན་པ་བཅོམ་པ་ཙམ་ནི་ཡོད་པར་འདོད་མོད།

གཏན་ནས་བཅོམ་པ་མ་ཡིན་ཏེ། དེ་དག་ལ་སངས་རྒྱས་ཀྱི་མི་ཤེས་པའི་རྒྱུ་བཞི་དེ་རྣམས་ལ་མི་གསལ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཞེས་བྱ་བ་ཡོད་པའི་ཕྱིར་ན་གཏན་ནས་བཅོམ་པ་མ་ཡིན་ལ། གཏན་བཅོམ་ཞེས་པ་དེ་སངས་རྒྱས་ཡིན་ལགས། འགྲོ་བ་སེམས་ཅན་རྣམས་ཆགས་ཞེན་པའི་གནས་ཡུན་པའི་ཕྱིར་ན་དེ་ལས་ཕ་རོལ་ཏུ་བརྒལ་བ་དཀའ་བ་ལྟ་བུར་གྱུར་པའི་ཕྱིར་ན་ཁམས་གསུམ་འཁོར་བའི་འདམ་ཞེས་འདམ་རྫབ་དང་ཆོས་མཚུངས་པ་ཡིན་པར་བསྟན་ནས་དེ་ལས་སངས་རྒྱས་ཀྱིས་དམ་པའི་ཕྱག་བརྐྱངས་པའི་སྒོ་ནས་འགྲོ་བ་རྣམས་ཡར་དྲངས་པར་མཛད་པ་སྟེ། རྫུ་འཕྲུལ་དང་། དམ་པ་སྦྱིན་པའི་མཐུ་ལྟ་བུ་དེ་འདྲ་མ་ཡིན་པར་བདེན་བཞིའི་བླང་དོར་གྱི་དོན་ཇི་ལྟ་བ་བཞིན་དུ་བསྟན་པའི་སྒོ་ནས་དྲངས་པར་མཛད་པའི་སྟོན་པ་དེ་ལ། བསྟན་བཅོས་རྩོམ་པ་པོ་སློབ་དཔོན་དབྱིག་གཉེན་ཁོང་གིས་ཚུལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞེས་པའི་དོན་ནོ།

 ༣ པ་རང་ལུགས་ནི། གང་ཞེས་པའི་སྒྲ་འདི་སྤྱི་སྒྲ་ཡིན་ཀྱང་། ཁྱད་པར་སྐབས་སུ་འབབ་པ་སྤྱིའི་སྒྲ་བྱེ་བྲག་སངས་རྒྱས་ལ་འཇུག་པའི་སྐབས་ཡིན་པས། དེས་ན་རྫོགས་པའི་སངས་རྒྱས་གང་ཞིག་ཅེས་བྱ་ལ། ཀུན་ཞེས་པ་འདི་ནི་ཤེས་བྱ་ཐམས་ཅད་ལ་གོ་དགོས་ལ། མུན་པ་ཞེས་པ་འདི་ནི་ཤེས་བྱ་ཐམས་ཐད་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཆོས་སྒྲིབ་གཉིས་ལ་གོ་དགོས་པས་དེ་སངས་རྒྱས་ཀྱིས་མ་ལུས་པ་བཅོམ་པས་ན་གཏན་བཅོམ་ཞིང་ཞེས་བྱ་ལ། ཡང་འཁོར་བའི་འདམ་ཞེས་པ་ནི་འགྲོ་བ་སེམས་ཅན་རྣམས་ཀུན་ཏུ་ཆགས་ཤིང་ཞེན་པའི་གནས་ཡིན་པའི་ཕྱིར་ན་དེལས་ཕ་རོལ་ཏུ་བརྒལ་བ་དཀའ་བ་ལྟ་བུར་རྒྱུར་པའི་ཕྱིར་ནཁམས་གསུམ་འཁོར་བའི་འདམ་ཞེས་འདམ་རྫབ་དང་ཆོས་མཚུངས་པ་ཡིན་པར་བསྟན་ནས།དེ་ལས་སངས་རྒྱས་ཀྱིས་དམ་པའི་ཆོས་བསྟན་པའི་ཕྱག་བརྐྱངས་པའི་སྒོ་ནས་འགྲོ་བ་རྣམས་ཡར་དྲངས་པར་མཛད་པས་ན། འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ་ཞེས་བྱ་ལ། འཁོར་བ་ལས་འདྲེན་པར་མཛད་ཚུལ་ཉིད་ཀྱང་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་བསྟན་པའི་སྒོ་ནས་དྲངས་པར་མཛད་པས་སོ།

འཇུག་བསྔོ་བ་ནི།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།

ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།།

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: མཛོད་མཆོད་བརྗོད།
མཛོད་མཆོད་བརྗོད།
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/w370-h515/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/s72-w370-c-h515/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_46.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_46.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content