བདག་གཞན་འཁོར་བའི་རྒྱ་མཚོ་དུ། ། ཤེས་རབ་མིག་མེད་ཆོས་ལ་རྨོངས། ། སྒྲན་མེ་ཡོན་ཏན་བསྐྱངས་བ་ལས། །བཀའ་དྲིན་བླ་མའི་ཞབས་ལ་ཕྱག་འཚལ་ལོ།། ༼...
བདག་གཞན་འཁོར་བའི་རྒྱ་མཚོ་དུ། །ཤེས་རབ་མིག་མེད་ཆོས་ལ་རྨོངས། །
སྒྲན་མེ་ཡོན་ཏན་བསྐྱངས་བ་ལས།
།བཀའ་དྲིན་བླ་མའི་ཞབས་ལ་ཕྱག་འཚལ་ལོ།།
༼བརྗོད་གཞི།༽
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །
འཁོར་བའི་འདམ་ལས་འགྲོ་བ་དྲང་མཛད་པ། །
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་།
།
ཞེས་དང་པོ་རྩོམ་ཤོག་གཞུང་གི་དོན་ལ་རྣམ་པ་བཞི་སྟེ།
མཆོད་བརྗོད་ཀྱི་ཡུལ་ངོས་བཟུང་། མུན་པའི་མཚན་ཉིན་བཞག། ཉན་རང་གི་མུན་པ་བཅོམ་ཚུལ།
སངས་རྒྱས་ཀྱི་མུན་པ་བཅོམ་ཚུལ་ལོ།།
དང་པོ་མཆོད་བརྗོད་ཀྱི་ཡུལ་སངས་རྒྱས་བཞག་ལ།
ཉན་རང་ལ་ཡང་བཞག་ཆོག་སྟེ། ཕུང་ཁམས་སྐྱ་མཆེད་ཀྱི་ཆོས་ཀུན་ལ་མུན་པ་བཅོམ་ནི་ཡོད་པའི་ཕྱིར།
མི་ཤེས་པའི་རྒྱ་བཞི་ཡོད་ཞེས་ན། མ་ཁྱབ་སྟེ།
དུས་སོགས་མ་ཤེས་པའི་མུན་པ་དེ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་ཡིན་པའི་ཕྱིར།
དེ་ཡིན་ན་ཉོན་མོངས་པ་ཡིན་པས་མ་ཁྱབ། ཡིན་ན་ཡང་མཆོད་བརྗོད་དེའི་ཡུལ་དུ་མི་རུང་སྟེ།
མུན་པ་གཏན་ནས་མ་བཅོམ་པར་མ་ཟད་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱ་བའི་ཆོས་ཅན་དུ་གྱུར་པའི་གཉེན་པོ་མ་བརྙེས་པའི་ཕྱིར་རོ།
མུན་པའི་མཚན་ཉིད། ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་འགྱུར་པ།
མུན་པ་བཅོམ་པ་དེ་ལ་ཡང་། ཉོན་རང་གི་མུན་པ་གཏན་ནས་མ་བཅོམ་པ་དང་།
སངས་རྒྱས་ཀྱི་གཏན་ནས་ཡེ་བཅོམ་པ་གཉིས། ཉན་རང་གི་མུན་པ་བཅོམ་ཏེ་་་་་ཉོན་མོངས་ཅན་གྱི་མུན་པ་བཅོམ་པའི་ཕྱིར།
འགྲེལ་པ་ལས།
རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་འདོད་མོད་ཀྱིས་གཏན་ནས་ནི་མ་ཡིན་ཏེ།
ཀུན་ལ་མུན་པ་བཅོམ་ཞེས་པ་དེ་་་ཉོན་མོངས་པ་ཅན་གྱི་མུན་པ་ཀུན་ལ་བཅོམ་པ་ཞེས་གོ་དགོས་ཏེ།
ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་མ་བཅོམ་ཏེ་དེ་དག་ལ་ཉོན་སྒྲབ་སྤངས་པ་ཙམ་ཡོད་ཀྱང་།
ཉམས་པ་སྲིད་པའི་ཕྱིར་དང་། སངས་རྒྱས་ཀྱི་གཏན་ནས་ཡེ་བཅོམ་ཏེ།
ཉོན་མོངས་པ་ཅན་གྱི་མུན་པ་དང་།
ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་གཉིས་ཀར་སྤངས་པའི་ཕྱིར།།
བདག་གི་ཆོས་ཙམ་བྱེད་པས་ཕན་ཡོན་དེ་ལྷན་ཅིག་ཏུ་སེམས་ཅན་ཐམས་ཅད་ལ་བསྔོ་གནང་བར་ཞུ།
༼བཀྲ་ཤིས་བདེ་ལེགས༽
བསམ་འཆར།