མངོན་པར་མཛོད་ཀྱི་མཆོད་བརྗོད་ཀྱི་སྐོར་བརྗོད་པ་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།

  མཆོད་བརྗོད།   ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། ། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི...

 



མཆོད་བརྗོད།

 

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།

གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་བགྱིའོ།

 

རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི།

ཐར་འདོད་རྣམས་ལ་དགེ་བའི་བཤེས་གཅིག་པུ། །འཇམ་དཔལ་དབྱངས་ཀྱི་ཞབས་ལ་ཕྱག་བགྱིའོ།

 

སྐྱ་བ་ལྔ་བརྒྱར་པཎཌི་ཏར་གྱུར་འདིར། །གཅེན་གྱི་དྲིན་ལས་ཕྱི་མི་ལྡོག་ཐོབ་པ།

གཞུང་ལུགས་འབུམ་སྡེ་གོ་དགུའི་གླེགས་བམ་ཆེ། །དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུས།

 

གཞུང་དོན་ལ་འཇུག་པའི་ཡན་ལག། གཞུང་དོན་འཇུག་པ་ལའང་དབྱེ་ན་གསུམ། གཞུང་དོན་ལ་འཇུག་པའི་ཡན་ལག། གཞུང་དོན་ཆོས་མངོན་པའི་ཡུལབཤད་པ། གཞུང་དོན་ཡོངས་སུ་རྫོགས་པ། དང་པོ་པོ་ལའང་བཞི་སྟེ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། བཤད་བྱའི་མཚན་དོན་བསྟན་པ། མཚན་ལྡན་གཞུང་གི་འབྲེལ་།

 

སྔོན་དུས་རབས་ལྔ་པར་བྱོན་པའི་མཁས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་མཆོད་བརྗོད་པའི་སྐོར་ཅུང་ཟད་བརྗོད་པ་ལ།

 

དེ་ཡང་ཐོག་མར་མཆོད་བརྗོད་ཀྱི་དགོས་པ་དང་བྱུང་ཁུངས་ནི།

ཇི་སྐད་དུ། རྣམ་དཀར་ལས་རྣམས་གང་བྱེད་ཀྱང་། །དེ་ཡི་ཐོག་མར་རྒྱལ་བ་མཆོད། ། དང་། ལྷག་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཟེར་གསུངས་ཏེ་ཡོདཔ་བཟུམ་སྦེ་  མཆོད་བརྗོད་འདི་རྩོམ་པ་མཐར་ཕྱིན་པ་སོགས་ཀྱི་དགོས་པ་འགྲུབ་ནིའི་དོན་དང་ མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དོན་ཨིན།

འདི་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་  ཕྱི་ནང་གི་མཁས་པ་ག་འབད་རུང་  གང་ཞིག་བརྩམ་བྱའི་བསྟན་བཅོས་ལ་འཇུག་པའི་སྐབས།  རང་གི་དད་ཡུལ་གྱི་ལྷའམ། རང་ལུ་བཀའ་དྲིན་ཆེ་བའི་  བཤེས་གཉེན་སོགས་མདོར་ན།  རང་གི་སེམས་ལུ་དགེ་རྩ་ཆེ་བ་དང་གལ་ཆེ་བ་དེ་དྲན་པའི་སྒོ་ལས་མཆོད་བརྗོད་རེ་འབྲི་སྲོལ་དེ་ཡང་ཤུགས་ཆེ་བ་སྦེ་དར་ནུག།

 

   ས་པཎ་མཁས་འཇུག་ལས།“བསྟན་བཅོས་བྱེད་པའི་དམ་པ་ཡི། ། སྟོན་པ་ལ་ནི་མཆོད་བརྗོད་བྱ། ། བསྟན་པ་སྤེལ་ཕྱིར་དག་པའི་ཚིག ། འདི་ལ་འཐད་པ་བཟང་བོ་མཐོང་། ། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། ། ཤིས་པ་བརྗོད་སོགས་མི་འགལ་ཏེ། ། ཐམས་ཅད་དུ་ཡང་སྟོན་པ་ཡི། ། ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། ། ཟེར་གསུངས་ཏེ་ཡོདཔ་བཟུམ་སྦེ་  མཆོད་པའི་མཐའ་ཅན་དང་། བསྟོད་པའི་མཐའ་ཅན། འདུད་པའམ་ཕྱག་འཚལ་བའི་མཐའ་ཅན། ཤིས་པ་བརྗོད་པའི་མཐའ་ཅན་བཅས་མི་འགལ་བའི་རང་བཞིན་ཅན་ཏེ་  ཐམས་ཅད་སངས་རྒྱས་བྱང་སེམས་དང་  དངོས་བརྒྱད་ཀྱི་བླ་མ་སོགས་ཀྱི་ཆེ་བ་སྟོན་པའི་ཕྱིར། 

༼མཆོད་བརྗོད་དངོས་ནི་གཞུང་ལས།༽

 

གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །

འཁོར་བའི་འདམ་ལས་འགྲོ་བར་དྲངས་མཛད་པ། །

དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ལོ། །

ཟེར་ཚིག་རྐང་ཕྱེད་དང་གསུམ་གྱིས་ དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ནི། སངས་རྒྱས་གཉིས་པར་གྲགས་པའི་དབྱིག་གཉེན་ཞབས་ཀྱིས་ བསྟན་བཅོས་རྩོམ་པའི་ཐོག་མར་ཕུན་སུམ་ཚོགས་པ་གསུམ་མངའ་བའི་ སངས་རྒྱས་བཅོམ་ལྡན་འདས་ལུ་ བསྟོད་ཕྱག་མཛད་པའི་དགོས་པ་ཡོད་དེ། དེ་ཡང་རང་འགྲེལ་ལས། “བསྟན་བཅོས་བྱེད་པར་འདོད་པས། རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར། དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ་བརྩམ་མོ།  །” ཟེར་གསུངས།

 

གཉིས་པ། བསྡུས་དོན་ནི། 

རྐང་པ་དང་པོས་རང་དོན་ཕུན་ཚོགས། གཉིས་པས་གཞན་དོན་ཕུན་ཚོགས། གསུམ་པས་འཕྲིན་ལས་ཕུན་ཚོགས་བསྟན་པའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ་བསྟན་པའོ། །

 

གསུམ་པ་ཚིག་དོན་ནི། 

མཛོད་རང་འགྲེལ་ལས། “གང་ཞིག་ཅེས་བྱ་བའི་སྒྲ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །”ཟེར་གསུངས།  ཀུན་ལ་ཞེས་བྱ་བ་ཡང་ཤེས་བྱ་ཐམས་ཅད་ལ་བརྗོད། དེ་ཡང་མདོ་ལས། “བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱ་མཆེད་བཅུ་གཉིས་ཇི་སྙེད་པ་དེ་སྙེད་དོ། །”ཟེར་གསུངས།

 

མཐའ་དཔྱོད་ལ།

སྤྱར་ཉན་རང་རྣམས་ཀྱིས་  ཉོན་མོངས་པ་གཏན་ནས་མི་བཅོམ་ག་ཟེར་དོགས་པ་བཞེས་བ་ཅིན།  དེ་ཡང་རང་འགྲེལ་ལས།  “རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར།  ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི།  གཏན་ནས་ནི་མ་ཡིན་ཏེ།  འདི་ལྟར་དེ་དག་ལས་སངས་རྒྱས་ཀྱི་ཆོས་དང་ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །” ཟེར་གསུངས།

 

མི་ཤེས་པའི་རྒྱ་བཞི་ཡང་།  སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ།  ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ།  དུས་ཤིན་ཏུ་བསྐལ་བས་མི་ཤེས་པ།  རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་སྟེ།  དང་པོ་འདི།  དགྲ་བཅོམ་པ་ཤཱ་རིའི་བུ་གིས་  དེ་བཞིན་གཤེགས་པའི་ཐུགས་རྒྱད་ཀྱི་  ཟག་མེད་ཀྱི་ཕུང་པོ་ལྔ་མ་ཤེས་པ་བཟུམ།  གཉིས་པ་ནི།  དགྲ་བཅོམ་མོའུ་འགལ་གྱི་བུས་  རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་དམྱལ་བ་ལུ་  སྐྱས་བ་མ་ཤེས་པ་ཟུམ།  གསུམ་པ་འདི། དགྲ་བཅོམ་པ་ཤཱ་རི་བུ་གིས་  ཁྱིམ་བདག་དཔལ་སྐྱས་ཀྱི་རྒྱད་ལུ་ ཐར་པའི་ས་བོན་བསྐལ་པ་ལེ་ཤ་བསགས་བསགསཔ་མ་ཤེསཔ་ལས་  རབ་ཏུ་བྱུང་མ་བཅུགཔ་ད།  སྟོན་པ་བཅོམ་ལྡན་འདས་ཀྱིས། 

དེས་ནི་འདི་ཡི་ཐར་བ་ཡི།  །ས་བོན་ཤིན་ཏུ་ཕྲ་བ་དག 

མཚོན་ནམ་རྡོ་ཡི་གསེབ་ན་གསེར།  །བག་ལ་ཞ་བའི་ཚུལ་དུ་གཟིགས།  །”

ཟེར་གསུངས་ཏེ་རབ་ཏུ་བྱུང་བཅུག་པའི་ལོ་རྒྱས་འདུག

 

བཞི་པ་འདི།  གནས་བརྟན་སྒྲ་གཅན་འཛིན་གྱིས།  “རྨ་བྱའི་མདོངས་ནི་གཅིག་པུ་ཡི།  །རྒྱ་ཡི་དབྱེ་བ་སྣ་ཚོགས་པ།  །ཀུན་མཁྱེན་མིན་པས་ཤེས་བྱ་མིན།  །དེ་མཁྱེན་པས་ན་ཀུན་མཁྱེན་སྟོབས།  །” ཟེར་གསུངས་དོ་བཟུམ།  མི་ཤེས་པའི་གེགས་ཡོདཔ་ལས་ཉན་རང་ཚུ་གིས་  མུན་པ་གཏན་ནས་བཅོམ་མ་ཚུགས་ཟེར་ཞུ་ནི་ཨིན།  མི་ཤེས་པ་འདི་གེགས་ཨིན་པའི་རྒྱ་མཚན་ཡང་།

རང་འགྲེལ་ལས།  “མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ།” ཟེར་གསུངས་ནུག།

 

མཆོད་བརྗོད་འདིའི་སྐབས་ཀྱི་གཏན་བཅོམ་པ་ཟེར་མི་འདི།  དངོས་ཀྱི་གཉེན་པོ་ཡེ་ཤེས་ཐོབ་པའི་སྟོབས་ཀྱིས་ སྤང་བྱ་མུན་པ་རྩ་བ་ལས་ སླར་མི་སྐྱ་བའི་ཆོས་ཅན་དུ་བཅོམ་པའི་ཚུལ་ལུ་སླབ་ཨིན། འདི་ཡང་རང་འགྲེལ་ལས།  “ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ།  །” ཟེར་དང་། “དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ།  དེའི་ཕྱིར་འདི་ནི་ཀུན་ལ་མུན་པ་གཏན་བཅོམ་པའོ།  །”ཟེར་གསུངས་ཏེ་འདུག་གོ།  །།

 

 

                                                 བཀའ་དྲིན་ཆེ།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: མངོན་པར་མཛོད་ཀྱི་མཆོད་བརྗོད་ཀྱི་སྐོར་བརྗོད་པ་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།
མངོན་པར་མཛོད་ཀྱི་མཆོད་བརྗོད་ཀྱི་སྐོར་བརྗོད་པ་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/s320/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/s72-c/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/04/blog-post_98.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/04/blog-post_98.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content