མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།

མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།




ཟབ་ཞིང་མངོན་པའི་མཛོད་ཆེན་ནམ་མཁའི་མཐའ། །

བྱིས་པ་རང་འདྲས་གཞལ་བ་མི་ནུས་མོད། །
འོན་ཀྱང་བཤེས་གཉེན་དམ་པའི་བཀའ་དྲིན་ལས། །

བདག་བློར་གང་ཤར་འབྲི་ལ་སྤྲོ་བས་འཇུག །


མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།

༡༽བསྟན་བཅོས་འདིའི་མཆོད་བརྗོད་ཀྱི་གཞུང་ཚིག་ངོས་བཟུང་ནས། གང་ལ་མཆོད་པར་བརྗོད་པ་ཡུལ། གང་གིས་མཆོད་པར་བརྗོད་པའི་གང་ཟག་ མཆོད་པར་བརྗོད་པའི་ཚུལ། མཆོད་པར་བརྗོད་པའི་དགོས་པ་བཅས་བྲིས?

ལན=བསྟན་བཅོས་འདིའི་མཆོད་བརྗོད་ཀྱི་གཞུང་ཚིག་ནི། 

                                   གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་།།

                             འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ།།

                                དོན་བཞིན་སྟོན་པདེ་ཕྱག་འཚལདེ་ལ་ཕྱག་འཚལ།། ཞེས་སོ།། གང་ལ་མཆོད་པར་བརྗོད་པའི་ཡུལ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ལགས།

གང་གིས་མཆོད་པར་བརྗོད་པའི་གང་ཟག་ནི། སློབ་དཔོན་དབྱིག་གཉེན་ཞབས་དང་།

མཆོད་པར་བརྗོད་པའི་ཚུལ་ནི། སྒོ་གསུམ་གུས་པ་ཆེན་པོས་སམ་སྟོན་པའིི་ཆེ་བ་ཤེས་པའི་སྒོ་ནས་སོ།།

མཆོད་པར་བརྗོད་པའི་དགོས་པ་ནི། བསྟན་བཅོས་རྩོམ་པ་ལ་བར་ཆད་མེད་ཅིང་། བརྩམ་པ་མཐར་ཕྱིན་པའི་ཆེད་དུའོ།།  །།

 

༢༽ཆོས་མངོན་པ་ཞེས་བྱ་བ་གང་ཡིན་ངོས་བཟུང་ནས་ཅི་ཕྱིར་བསྟན་བཅོས་དེ་ལ་ཆོས་མངོན་པ་དང་མཛོད་ཅེས་བྱ་བ་ཡིན་ནམ?

ལན=ཆོས་མངོན་པ་ཞེས་བྱ་བ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ་རྗེས་འབྲངས་དང་བཅས་ན་ཕུང་པོ་ལྔའམ་བཞིའོ།།

བསྟན་བཅོས་འདི་ལ་ཆོས་མངོན་པ་ཞེས་བརྗོད་པ་ནི། རང་དང་སྤྱིའི་མཚན་ཉིད་འཛིན་པས་ན་ཆོས་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་ཡང་ནས་ཡང་བསྟན་པ་དང་། རྒོལ་བ་གཞན་ཟིལ་གྱིས་གནོན་པ་དང་། མངོན་པར་རྟོགས་པས་ན་ཆོས་མངོན་པ་དང་།

མཛོད་ཅེས་བྱ་བ་ནི། གཞུང་ལས། 

                      འདིར་དེའི་དོན་དུ་ཡང་དག་ཆུད་ཕྱིར་རམ།།

                     འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད།། ཅེས་པས་བསྟན་བཅོས་འདིར་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ལ་སོགས་པའི་དོན་གཅེས་གཅེས་རྣམས་ཡང་དག་པར་ཆུད་པའི་ཕྱིར་དང་། ཡང་ན་དེ་ལས་འདི་ཕྱུང་བས་འདི་ཡི་གནས་ནི་ཆོས་མངོན་པ་དེ་ཡིན་པས་ཆོས་མངོན་པའི་མཛོད་ཅེས་གྲགས་སོ།།  །།

༣༽ཆོས་མངོན་པའི་ངོ་བོ། ཆོས་མངོན་པའི་དབྱེ་བ། ཆོས་མངོན་པའི་ངེས་ཚིག འཁོར་དང་བཅས་ན་ཕུང་པོ་དུ་ཡོད་པ་ཡིན་གསལ་པོར་བྲིས?

ལན=ཆོས་མངོན་པའི་ངོ་བོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་ལ། ཆོས་མངོན་པའི་དབྱེ་བ་ནི། གཉིས་སུ་དབྱེ་བ་ནི། དོན་དམ་པའི་ཆོས་མངོན་པ་དང་བརྡར་བཏགས་པའི་ཆོས་མངོན་པ་དང་། གསུམ་དུ་དབྱེ་བ་ནི། འབྲས་བུའི་ཆོས་མངོན་པ་དང་། རྒྱུའི་ཆོས་མངོན་པ་དང་། གཞུང་གི་ཆོས་མངོན་པའོ།།ཆོས་མངོན་པའི་ངེས་ཚིག་ནི། དྷརྨྨ་ཞེས་བྱ་བ་ནི་དྷ་ར་ཞེས་པ་འཛིན་པས་ན་ཆོས་དང་། ཨ་བྷི་མུ་ཁ་ཞེས་བྱ་བ་མངོན་དུ་བྱེད་པའི་སྒོ་དང་། ཨ་བྷི་ཀྵ་ན་ཞེས་བྱ་བ་མངོན་པར་ཡང་ནས་ཡང་དང་། ཨ་བྷི་བྷུ་ཡ་ཞེས་བྱ་བ་མངོན་པར་ཟིལ་གྱིས་གནོན་པ་དང་། ཨ་བྷི་ས་མ་ཡ་ཞེས་བྱ་བ་མངོན་པར་རྟོགས་པས་ན་མངོན་པའོ།། ཞེས་སོ།།

འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ་ནི། དེ་དག་བསམ་གཏན་ས་དྲུག་ལ་བརྟེན་ན་ཕུང་པོ་ལྔ་དང་། གཟུགས་མེད་དང་པོ་གསུམ་ལ་བརྟེན་ན་ཕུང་པོ་བཞི་ཡིན་ནོ།།

༤༽ཅི་ཕྱིར་ཆོས་མངོན་པ་བསྟན་པ་དང་དེ་དང་པོ་ཉིད་དུ་སུས་བསྟན་པ་ཡིན་ནམ་ཁ་གསལ་བྲིས?

ལན=ཅིའི་ཕྱིར་ཆོས་མངོན་པ་བསྟན་ཞེ་ན། གཞུང་ལས། 

                       ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས།།

                       གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ།།

                       ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ།།

                   དེ་བས་ན་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ།།                                                                                        ཞེས་པ་ལྟར། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མེད་ན།  ཉོན་མོངས་པ་རྣམས་ཉེ་བར་ཞི་བའི་ཐབས་མེད་ལ། གལ་ཏེ་ཉོན་མོངས་པ་མ་ཞི་ན་དེས་ལས་བསགས་ནས་འཇིག་རྟེན་པ་རྣམས་སྲིད་པ་འཁོར་བའི་མཚོ་འདིར་འཁྱམས་ནས་ཐར་མི་སྟེར་བས། སྟོན་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་རྒྱུད་ལ་སྐྱེད་པའི་དོན་དུ་དང་པོ་ཉིད་དུ་ཆོས་མངོན་པ་བསྟན་པ་མཛད་པ་ཡིན་ནོ།།   

༥༽མངོན་པ་སྡེ་བདུན་ངོས་བཟུང་ནས་དགོས་སོགས་ཆོས་བཞི་རྩ་ཚིག་དང་སྦྱར་ནས་བཀོད?

ལན=མངོན་པ་སྡེ་བདུན་ནི། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས།། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། ཞེས་པ་ལྟར་བདུན་ནོ།།   

 དགོས་སོགས་ཆོས་བཞི་རྩ་ཚིག་དང་སྦྱར་ནས་བཀོད་པ་ནི།  ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་བསྟན་བཅོས་ཀྱི་བརྗོད་བྱ་ཡིན་ཞིང་དེ་ནི་ཆོས་རྣམས་ཞེས་པས་བསྟན་པ་དང་། དེ་ལ་བརྟེན་ནས་སློབ་མའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་ནི་དགོས་པ་ཡིན་ཏེ་དེ་ནི་ རབ་ཏུ་རྣམ་འབྱེད་ཅེས་པས་བསྟན་པ་དང་། དེ་ལ་བརྟེན་ནས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ནི་ཉིང་དགོས་ཡིན་ཞིང་དེ་ནི། མེད་པར་ཉོན་མོངས་རྣམས།།ཞེས་པ་ནས་དེ་བས་ཞེས་པའི་བར་གྱིས་བསྟན་པ་དང་། ཉིང་དགོས་དགོས་པ་དགོས་པ་བསྟན་བཅོས་ཀྱི་བརྗོད་བྱ་ལ་རག་ལས་པ་ནི་འབྲེལ་བའོ།།

 

༦༽འདུས་བྱས་ཆོས་རྣམས་དེ་དག་ཀྱང་།། གཟུགས་ལ་སོགས་པའི་ཕུང་པོ་ལྔ།། ཞེས་གསུངས་ན་ཕུང་པོའི་དབྱེ་བ་འདུས་བྱས་དང་ཟག་བཅས་ཀྱི་མིང་གི་རྣམ་གྲངས་བཅས་བྲིས?

ལན=ཕུང་པོའི་དབྱེ་བ་ནི། གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོའོ།།

འདུས་བྱས་ཀྱི་མིང་གི་རྣམ་གྲངས་ནི། གཞུང་ལས། 

 དེ་དག་ཉིད་དུས་གཏམ་གཞི་དང་།།     

                             ངེས་པར་འབྱུང་བཅས་གཞི་དང་བཅས།། ཞེས་པ་ལྟར་

སོང་བ་འགྲོ་བ་འགྲོ་བར་འགྱུར་བའི་ཕྱིར་དུས་དང་། གཏམ་ནི་ངག་གོ་དེའི་གཞི་ནི་མིང་སྟེ་

དོན་དང་བཅས་པའི་གཞི་སྨོས་པའི་ཕྱིར་ན་གཏམ་གཞི་དང་། གདོན་མི་ཟ་བར་འབྱུང་བ་ནི་

ངེས་པར་འབྱུང་བ་སྟེ་དེ་འདི་ལ་ཡོད་པས་ངེས་པར་འབྱུང་བཅས་དང་། རྒྱུ་དང་བཅས་པའི་

ཕྱིར་གཞི་དང་བཅས་པའོ།། 

ཟག་བཅས་ཀྱི་མིང་གི་རྣམ་གྲངས་ནི། 

                          གཞུང་ལས། གང་དག་ཟག་བཅས་ཉེར་ལེན་པའི།།

                                    ཕུང་པོའང་དེ་དག་འཐབ་བཅས་ཀྱང་།།

                                    སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་།།

                                    ལྟ་གནས་སྲིད་པའང་དེ་དག་ཡིན།། ཞེས་པ་ལྟར།

ཉེར་ལེན་གྱི་ཕུང་པོ། འཐབ་བཅས། སྡུག་བསྔལ། ཀུན་འབྱུང་། འཇིག་རྟེན། ལྟ་གནས། སྲིད་པའོ།།

 

༧༽ཅི་ཕྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་གསུམ་དུ་བསྟན་པ་ཡིན་ནམ་རྒྱུ་མཚན་བཅས་བཀོད?

ལན=གཞུང་ལས། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར།།

                ཕུང་པོ་ལ་སོགས་གསུམ་བསྟན་ཏོ།།

                                              ཞེས་གདུལ་བྱ་རྣམས་ཀྱི་རྨོངས་པ་རྣམ་པ་གསུམ་དང་དབང་པོ་གསུམ་དང་། འདོད་པ་རྣམ་པ་གསུམ་གྱི་ཕྱིར་དུ་ཕུང་པོ་ལ་སོགས་པ་གསུམ་བསྟན་ནོ། །དེ་ལ་རྨོངས་པ་རྣམ་པ་གསུམ་ནི། ཁ་ཅིག་སེམས་ལས་བྱུང་བ་རྣམས་ལ་རིལ་པོའི་བདག་ཏུ་འཛིན་པས་རྨོངས། ཁ་ཅིག་གཟུགས་ཁོ་ན་ལ། ཁ་ཅིག་གཟུགས་དང་སེམས་དག་ལའོ། །དབང་པོ་གསུམ་ནི། རྣོ་འབྲིང་རྟུལ་པའོ། །འདོད་པ་གསུམ་ནི་ཚིག་བསྡུས་པ་བར་མ་རྒྱ་ཆེན་པོ་འདོད་པའི་རྒྱུ་མཚན་གྱིས་ཕུང་ཁམས་སྐྱེ་མཆེད་ལ་སོགས་བསྟན་པ་ཡིན་ནོ།།  །།

 

༨༽ཅི་ཕྱིར་སྐྱེ་མཆེད་དང་ཁམས་དག་ཏུ་འདུས་མ་བྱས་བཤད་ལ་ཕུང་པོ་དག་ཏུ་མ་བཤད་པའི་རྒྱུ་མཚན་དང་ཕུང་པོ་ལྔའི་གོ་རིམ་ངེས་ཚུལ་ཡང་བྲིས?

ལན=ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་པའི་རྒྱུ་མཚན་ནི། 

གཞུང་ལས། ཕུང་པོར་དག་ཏུ་འདུས་མ་བྱས།།

           དོན་དུ་མི་རུང་ཕྱིར་མ་བཤད།།

  ཅེས་སྤུང་བའི་དོན་དུ་མི་རུང་བའི་ཕྱིར་རེ་ཞིག་དེ་དག་གི་ནང་དུ་བསྡུ་བར་ནི་མི་ནུས་པས་ཕུང་པོ་དྲུག་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་མ་བཤད་པ་ཡིན་ནོ།།

གོ་རིམ་ངེས་ཚུལ་ནི། 

གཞུང་ལས། རིམ་ནི་རགས་དང་ཀུན་ཉོན་མོངས།།

          སྣོད་སོགས་དོན་ཁམས་ཇི་བཞིན་ནོ།།

       

                                  ཞེས་པས་རགས་པ་དང་ཕྲ་བའི་སྒོ་ནས་གོ་

རིམ་ངེས་ཚུལ་དང་། གཟུགས་ལ་བརྟེན་ནས་ཚོར་བ་སོགས་གཅིག་ལ་བརྟེན་ནས་གཅིག་བྱུང

བའི་རིམ་པ་ལ་བརྟེན་ནས་གོ་རིམ་ངེས་པ་ཡིན་ནོ།།

 

༩༽ཅི་ཕྱིར་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་ཅེས་བརྗོད་པ་དང་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བརྗོད་པ་ཡིན་ནམ?

ལན=གཞུང་ལས། བྱེ་བྲག་དོན་དང་གཙོ་བོའི་ཕྱིར།།

                ཆོས་མང་བ་དང་མཆོག་བསྡུས་ཕྱིར།།

               གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་།།

               གཅིག་ནི་ཆོས་ཞེས་བྱ་བར་བརྗོད།།

                                            ཅེས་པ་ལྟར་སྤྱིའི་བྱེ་བྲག་གི་དོན་

དང་ཡང་ན་བསྟན་ཏུ་རུང་བ་དང་ཐོགས་པ་དང་བཅས་པས་གཙོ་བོའི་ཕྱིར་ན་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དང་། ཚོར་བ་ལ་སོགས་པ་ཆོས་མང་བ་རྣམས་བསྡུས་པ་

དང་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་པའི་ཕྱིར་ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བརྗོད་དོ།།   

 

༡༠༽ཁམས་བཅོ་བརྒྱད་རེ་རེ་བཞིན་བྲིས་ནས་དེ་དག་ལས་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཐོགས་བཅས་དང་ཐོགས་མེད་དགེ་མི་དགེ་ལུང་དུ་མི་བསྟན་པ་རྣམས་ངོས་ཟུངས?

ལན=ཁམས་བཅོ་བརྒྱད་ནི། རྟེན་དབང་པོའི་ཁམས་དྲུག་ནི། མིག་གི་ཁམས། རྣ་བའི་ཁམས། སྣའི་ཁམས། ལྕེའི་ཁམས། ལུས་ཀྱི་ཁམས། ཡིད་ཀྱི་ཁམས་ཏེ་དྲུག་དང་།

བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་ནི། མིག་གི་རྣམ་པར་ཤེས་པ། རྣའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་རྣམ་ཤེས་ཚོགས་དྲུག་དང་།

དམིགས་པ་ཡུལ་གྱི་ཁམས་དྲུག་ནི།  གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་ཏེ་བཅོ་བརྒྱད་དོ།།

གཞུང་ལས། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ།།

           ཐོགས་དང་བཅས་པ་གཟུགས་ཅན་བཅུ།།

           ལུང་མ་བསྟན་བརྒྱད་དེ་དག་ཉིད།།

                                         ཅེས་པས་བསྟན་དུ་ཡོད་པ་ནི། གཟུགས་ཀྱི་སྐྱེ་མཆེད་གཅིག་པུ་དང་། ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པ་དང་། དབང་པོ་ལྔ་དང་དོན་ལྔ་སྟེ་གཟུགས་ཅན་བཅུ་ནི་ཐོགས་པ་དང་བཅས་པ་དང་། ལྷག་མ་སེམས་ཁམས་བདུན་དང་ཆོས་ཀྱི་ཁམས་ཏེ་བརྒྱད་ནི་ཐོགས་མེད་དང་། དབང་པོ་ལྔ་དང་དོན་ལྔ་ལས་གཟུགས་སྒྲ་མ་གཏོགས་པ་སྟེ་བརྒྱད་ནི་ལུང་མ་བསྟན་དང་། གཞན་ཁམས་བཅུ་ནི་རྣམ་པ་གསུམ་སྟེ་སེམས་ཁམས་བདུན་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །གཞན་དག་ནི་ལུང་མ་བསྟན་ནོ།།

༡༡༽དབང་པོ་ཉི་ཤུ་རྩ་གཉིས་པོ་རེ་རེ་བཞིན་ངོས་ཟུངས་ནས་ལྔ་པོ་རྣམས་ནི་དོན་བཞི་ལ།།

དབང་བྱེད་བཞི་རྣམས་གཉིས་ལ་ལོ།། ཞེས་པའི་ཚིག་འགྲེལ་བྲིས?

ལན། དབང་པོ་ཉི་ཤུ་རྩ་གཉིས་ནི། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ། མོའི་དབང་པོ། ཕོའི་དབང་པོ། སྲོག་གི་དབང་པོ། བདེ་བའི་དབང་པོ། སྡུག་བསྔལ་གྱི་དབང་པོ། ཡིད་བདེ་བའི་དབང་པོ། ཡིད་མི་བདེ་བའི་དབང་པོ། བཏང་སྙོམས་ཀྱི་དབང་པོ། དད་པའི་དབང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོ། ཀུན་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ།།ཚིག་འགྲེལ་ནི།

 མིག་རྣ་བ་སྣ་ལྕེ་ལུས་ལྔ་པོ་རྣམས་ནི། ལུས་མཛེས་པར་བྱ་བ་དང་། ལུས་ཡོངས་སུ་བསྲུང་བ་དང་། རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་རྒྱུན་ཉིད་དེ་དོན་བཞི་ལ་དབང་བྱེད། ཕོ་དང་མོ་སྲོག་དང་ཡིད་དབང་བཞི་རྣམས་རེ་རེ་བཞིན། དོན་གཉིས་ལ། དང་པོ་གཉིས། སེམས་ཅན་གྱི་བྱེ་བྲག་འབྱེད་པ་དང་། ཁྱད་པར་དག་ལ་དབང་བྱེད། ཕྱི་མ་གཉིས་རིས་མཐུན་པར་མཚམས་སྦྱོར་བ་དང་། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་པ་ཡིན་ནོ།།    

༡༢༽དབང་པོ་ཉེར་གཉིས་ལས་མཐའ་གཅིག་ཏུ་ཟག་བཅས་ཡིན་པ་རྣམས་ནི་དུ་་་ཟག་མེད་ཡིན་པ་རྣམས་ནི་དུ་་་ཟག་བཅས་ཟག་མེད་གཉིས་ཀ་ཡིན་པ་རྣམས་ནི་དུ་་་རྣམ་སྨིན་ཡིན་པ་རྣམས་ནི་དུ་་རྣམ་སྨིན་མ་ཡིན་པ་རྣམས་ནི་དུ་་་རྣམ་སྨིན་་དང་རྣམ་སྨིན་མིན་པ་གཉིས་ཀ་ཡིན་པ་རྣམས་ཀྱི་ངོས་འཛིན་གསལ་པོར་ཞོག?

ལན=གཞུང་ལས།  ་་་་་་་གསུམ་ནི་དྲི་མ་མེད།།

                  གཟུགས་ཅན་སྲོག་དང་སྡུག་བསྔལ་དག།

                  ཟག་དང་བཅས་པ་དགུ་རྣམ་གཉིས།།

                 སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས།།

                  ཐ་མ་བརྒྱད་དང་ཡིད་མི་བདེ།།

                  མ་གཏོགས་པ་སྟེ་དེ་གཅིག་ནི།།

                  རྣམ་པར་སྨིན་བཅས་བཅུ་རྣམ་གཉིས།།

 

                                                    ཞེས་པ་ལྟར། གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་ནི་མཐའ་གཅིག་ཟག་བཅས་དང། ཀུན་ཤེས་པར་བྱེད་པ། ཀུན་ཤེས། ཀུན་ཤེས་ལྡན་པའི་དབང་པོ་ནི་མཐའ་གཅིག་ཏུ་ཟག་མེད་དང་། ཡིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་དང་དད་པ་སོགས་ལྔ་ནི་ཟག་བཅས་ཟག་མེད་གཉིས་ཀ་དང་། སྲོག་ནི་རྣམ་སྨིན་ཡིན་པ་དང་། མིག་ལ་སོགས་པ་བདུན་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པ་དང་། དད་པ་ལ་སོགས་དབང་པོ་བརྒྱད་དང་སྲོག་དང་ཡིད་མི་བདེ་བ་མ་གཏོགས་པའི་དབང་པོ་ལྷག་མ་བཅུ་གཉིས་ནི་རྣམ་སྨིན་དང་རྣམ་སྨིན་མ་ཡིན་པ་གཉིས་ཀའོ།།  །།

 

 

 

༡༣༽དབང་པོ་ཉེར་གཉིས་ལས་་་་དབང་པོ་དུ་ཞིག་ཁམས་གང་དུ་གཏོགས་པ་ཡིན་པ་དང་དབང་པོ་དེ་དག་ལས་མཐོང་སྤང་ཡིན་པ་དང་སྒོམ་སྤང་ཡིན་པ་་་སྤང་བྱ་མ་ཡིན་པ་དག་གཞུང་ལས་གསུངས་པ་ལྟར་བྲིས?

ལན=གཞུང་ལས།   དྲི་མེད་མ་གཏོགས་འདོད་པར་གཏོགས།།

                  ཕོ་མོའི་དབང་དང་སྡུག་བསྔལ་དག།

                  མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང།།

                 བདེ་བའང་མ་གཏོགས་གཟུགས་མེད་གཏོགས།།

ཞེས་ཀུན་ཤེས་སོགས་དྲི་མ་མེད་པ་གསུམ་མ་གཏོགས་ཐམས་ཅད་འདོད་ཁམས་སུ་གཏོགས་པ་དང་། ཕོ་མོའི་དབང་པོ་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་མ་

གཏོགས་པ་རྣམས་གཟུགས་ཁམས་སུ་གཏོགས་པ་དང་། གཟུགས་ཅན་རྣམས་དང་

བདེ་བའང་མ་གཏོགས་པ་རྣམས་གཟུགས་མེད་པར་གཏོགས་སོ།།

 མཐོང་སྤང་དང་སྒོམ་སྤང་ཡིན་པ་དང་སྤང་བྱ་མ་ཡིན་པ་ནི། 

གཞུང་ལས།  ཡིད་དང་ཚོར་བ་གསུམ་རྣམ་གསུམ།།

           གཉིས་ཀྱིས་སྤང་བྱ་ཡིད་མི་བདེ།།

           དགུ་ནི་སྒོམ་པས་ལྔ་པོ་ནི།།

           སྤང་བར་བྱ་མིན་ཡང་གསུམ་མིན།།

                                   ཞེས་ཡིད་དང་ཚོར་བ་དང་བདེ་བ་དང་ཡིད་

བདེ་དང་བཏང་སྙོམས་ནི་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མ་ཡིན་པ་རྣམ་པ་གསུམ་མོ།། ཡིད་མི་བདེ་བ་ནི་མཐོང་སྤང་དང་སྒོམ་སྤང་གཉིས་ཀའི་སྤང་བྱ་དང་། མིག་སོགས་

བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་དགུ་ནི་སྒོམ་པས་སྤང་པར་བྱ་བ་ཁོ་ན་ཡིན་ནོ།། ཟག་མེད་ཀྱི་དད་སོགས་ལྔ་དང་དྲི་མ་མེད་པ་གསུམ་ནི་སྤང་བྱ་མ་ཡིན་ནོ།།   །།

 

 

༡༤༽སེམས་བྱུང་རྣམ་ལྔ་སྟེ།། ས་མང་ལ་སོགས་ཐ་དད་ཕྱིར།། ཞེས་པའི་སྐབས་སུ་སྡེ་

ཚན་དུ་ངེས་པའི་སེམས་བྱུང་དང་སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་དུ་ཡོད་རེ་རེ་བཞིན་ངོས་བཟུང་ནས་སེམས་བྱུང་གི་མཚན་ཉིད་ཀྱང་བྲིས?

ལན=སྡེ་ཚན་དུ་ངེས་པའི་སེམས་བྱུང་ནི། གཞུང་ལས།

                                         སེམས་བྱུང་རྣམ་ལྔ་སྟེ།།

                                        ས་མང་ལ་སོགས་ཐ་དད་ཕྱིར།།

ཞེས་སེམས་ཀྱི་སེམས་ཀྱི་ས་མང་བཅུ། དགེ་བའི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་

མང་དྲུག། མི་དགེ་བའི་ས་མང་གཉིས། ཉོན་མོངས་ཆུང་ངུའི་ས་མང་བཅུ་ནི་སྡེ་ཚན་དུ་ངེས་པ་ཡིན་ནོ།།

སེམས་ཀྱི་ས་མང་བཅུ་ནི། གཞུང་ལས། ཚོར་དང་སེམས་པ་འདུ་ཤེས་དང་།།

                                འདུན་དང་རེག་དང་བློ་གྲོས་དྲན།།

                               ཡིད་ལ་བྱེད་དང་མོས་པ་དང་།།

                               ཏིང་ངེ་འཛིན་སེམས་ཐམས་ཅད་ལ།། ཞེས་སོ།།

དགེ་བའི་ས་མང་བཅུ་ནི། གཞུང་ལས།  དད་དང་བག་ཡོད་ཤིན་ཏུ་སྦྱངས།།

                                བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད།།

                               རྩ་བ་གཉིས་རྣམ་མི་འཚེ་དང་།།

                              བརྩོན་འགྲུས་རྟག་ཏུ་དགེ་ལས་འབྱུང་།། ཞེས་སོ།།

ཉོན་མོངས་ཆེན་པོའི་ས་མང་དྲུག་ནི། གཞུངལས། 

                                     རྨོངས་དང་བག་མེད་ལེ་ལོ་དང་།།

                                     མ་དད་པ་དང་རྨུགས་དང་རྒོད།།

                                     ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་།།

མི་དགེ་བའི་ས་མང་གཉིས་ནི། གཞུང་ལས། མི་དགེ་ལ་ནི་ཁྲེལ་མེད་དང་།།

                                    ངོ་ཚ་མེད་པའོ་་་་་་་་་་་་་།།  

ཉོན་མོངས་ཆུང་ངུའི་ས་མང་བཅུ་ནི། གཞུང་ལས། ་་་་་ཁྲོ་བ་དང་།། ཁོན་དུ་འཛིན་དང་གཡོ་

དང་ནི།། ཕྲག་དོད་འཚིག་འཆབ་སེར་སྣ་དང་།། སྒྱུ་དང་རྒྱགས་དང་རྣམ་འཚེ་ནི།། ཉོན་

མོངས་ཆུང་ངུའི་ས་པ་རྣམས།། ཞེས་སོ། 

སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་ནི། རྟོག་པ། དཔྱོད་པ། འགྱོད་པ། གཉིད། ཁོང་ཁྲོ། འདོད་ཆགས། ང་རྒྱལ། ཐེ་ཚོམ་ཏེ་བཏགས་ཡོད་བརྒྱད་ནི་སྡེ་ཚན་དུ་མ་ངེས་པའོ།།

སེམས་བྱུང་གི་མཚན་ཉིད་ནི། དོན་གྱི་ཁྱད་པར་རང་སྟོབས་ཀྱི་འཛིན་པའོ།།  །།

 

 

༡༥༽དགའ་བ་དང་གུས་པ་གཉིས་ཀྱི་གོ་དོན་བྲིས་ནས་་སྤྱིར་དགའ་དད་ལ་མུ་བཞི་འཇོག་ཚུལ་དང་བྱེ་བྲག་གང་ཟག་ལ་ལྟོས་ནས་དགའ་བ་དང་གུས་པ་གཉིས་ལ་མུ་བཞི་བརྩི་ཚུལ་མཁན་པོ་གཞན་དགའ་ཞབས་ཀྱིས་གསུངས་པ་ལྟར་བྲིས?

ལན=དགའ་བ་དང་གུས་པ་གཉིས་ཀྱི་གོ་དོན་ནི། གཞུང་ལས།

                                        དགའ་དད་གུས་ཉིད་ངོ་ཚ་ཤེས།།

                                     ཞེས་དགའ་བ་ནི་གཉིས་ཏེ་ཉོན་མོངས་ཅན་དང་དེ་མ་ཡིན་པའོ།།སྔ་མ་ནི་སྲེད་པ་དང་། ཕྱི་མ་ནི་ཡོན་ཏན་དང་ཡོན་ཏན་ཅན་ལ་དད་པ་ཡིན་ཞིང་། གུས་པ་ནི་ངོ་ཚ་ཤེས་པའོ།། 

 མུ་གཞི་འཇོག་ཚུལ་ནི། མུ་དང་པོ་དད་པ་ཡིན་ལ་དགའ་བ་མ་ཡིན་པ་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པའི་དད་པ་ལྟ་བུའོ།།

 

མུ་གཉིས་པ་དད་པ་མ་ཡིན་ལ་དགའ་བ་ཡིན་པ་ནི་ དགའ་བ་ཉོན་མོངས་པ་ཅན་ལྟ་བུའོ།།

 

མུ་གསུམ་པ་གཉིས་ཀ་ཡིན་པ་ནི། འགོག་པ་དང་ལམ་ལ་དམིགས་པའི་དད་པ་ལྟ་བུའོ།།

 

མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ།།

 གང་ཟག་ལ་ལྟོས་ནས་དགའ་བ་དང་གུས་པ་ལ་མུ་བརྩི་ཚུལ་ནི།

མུ་དང་པོ་དགའ་བ་ཡིན་ལ་གུས་པ་མ་ཡིན་པ་ནི། བུ་དང་ཆུང་མ་སོགས་ལ་དགའ་བ་ལྟ་བུའོ།།

མུ་གཉིས་པ་དགའ་བ་མ་ཡིན་ལ་གུས་པ་ཡིན་པ་ནི། བླ་མ་གཞན་དག་ལ་གུས་པ་ལྟ་བུའོ།།

མུ་གསུམ་པ་གཉིས་ཀ་ཡིན་པ་ནི། རང་གི་བླ་མ་ལ་གུས་པ་ལྟ་བུའོ།།

མུ་བཞི་པ་གཉིས་ཀ་མ་ཡིན་པ་ནི། དེ་དག་མ་གཏོགས་པའོ།། ཞེས་མཁན་པོ་གཞན་དགའ་ཞབས་ཀྱིས་དེ་ལྟར་གསུངས་འདུག་གོ།  

 

༡༦༽ང་རྒྱལ་དང་རྒྱགས་པའི་ཁྱད་པར་བྲིས་ནས་སེམས་དང་ཡིད་དང་རྣམ་ཤེས་གསུམ་གྱི་གོ་དོན་དང་དེ་རྣམས་དོན་གཅིག་ཡིན་པའི་ཚུལ་དང་སེམས་དང་སེམས་བྱུང་གཉིས་པོ་

རྣམ་པ་དུ་ཞིག་གི་མཚུངས་པར་ལྡན་པ་ཡིན་ནམ་ཁ་གསལ་ཞོག?

ལན=ང་རྒྱལ་དང་རྒྱགས་པའི་ཁྱད་པར་ནི། གཞུང་ལས། ང་རྒྱལ་ཁེངས་པ་རྒྱགས་པ་ནི།

                                              རང་གི་ཆོས་ལ་ཆགས་པ་ཡི།།

                                         སེམས་ནི་ཡོངས་སུ་གཏུགས་པའོ།།

ཞེས་ཕ་རོལ་པོ་ལས་རིགས་དང་ཡོན་ཏན་སོགས་དང་ལྡན་ནོ་ཞེས་སེམས་ཁེངས་པ་ནི་ང་

རྒྱལ་དང་། རང་གི་རིགས་གཟུགས་མཛེས་སོགས་ཆོས་ལ་ཆགས་པའི་སེམས་ཡོངས་སུ་གཏུགས་པ་ནི་རྒྱགས་པ་ཡིན་ནོ།།

གཞུངལས་ལས།  སེམས་དང་ཡིད་དང་རྣམ་ཤེས་ནི།།

               དོན་གཅིག་་་་་་།།            ཞེས་དགེ་མི་དགེ་ལ་སོགས་པར་འབྱེད་པས་སེམས་དང་། གཟུགས་ལ་སོགས་པ་ཡུལ་ཤེས་པས་ན་ཡིད་དང་། དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་སོ།།

དོན་གཅིག་ཡིན་པའི་ཚུལ་ནི། མིང་གི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། སེམས་གང་ཡིན་པ་དེ་ནི་ཡིད་ཡིན་པ་དང་ དེ་ཉིད་རྣམ་པར་ཤེས་པའང་ཡིན་ནོ།།

གཞུང་ལས། ་་་་་སེམས་དང་སེམས་བྱུང་དང།།

           རྟེན་དང་དམིགས་དང་རྣམ་བཅས་དང་།།

           མཚུངས་པར་ལྡན་པའང་རྣམ་པ་ལྔ།།

                                               སེམས་དང་སེམས་བྱུང་རྣམས་རྟེན་དབང་པོ་མཚུངས་པ། དམིགས་པ་ཡུལ་མཚུངས་པ། རྣམ་པ་འཛིན་སྟངས་མཚུངས་པ། དུས་ད་ལྟ་བ་མཚུངས་པ། རྫས་རེ་རེ་བ་མཚུངས་པ་སྟེ་མཚུངས་པ་རྣམ་ལྔའི་སྒོ་ནས་མཚུངས་སོ།།   །།

 

༡༧༽མི་ལྡན་པའི་འདུ་བྱེད་ཀྱི་དབྱེ་བ་རྣམས་གཞུང་ལས་གསུངས་པ་ལྟར་བྲིས་ནས་་ཅིའི་ཕྱིར་དེ་རྣམས་ལ་མི་ལྡན་པའི་འདུ་བྱེད་ཅེས་བྱ་བ་ཡིན་ནམ?

ལན=གཞུང་ལས། མི་ལྡན་པ་ཡི་འདུ་བྱེད་རྣམས།།

                ཐོབ་དང་མ་ཐོབ་སྐལ་མཉམ་དང་།།

               འདུ་ཤེས་མེད་སྙོམས་འཇུག་པ་དང་།།

               སྲོག་དང་མཚན་ཉིད་རྣམས་དང་ནི།།

               མིང་གི་ཚོགས་ལ་སོགས་པ་ཡང་།།    ཞེས་པ་ལྟར་མི་ལྡན་པའི་

འདུ་བྱེད་བཅུ་བཞི་ནི། ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་

དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། སྲོག་དང་། སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། འཇིག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཏེ་བཅུ་བཞིའོ།། འདུ་བྱེད་འདི་དག་ནི་སེམས་དང་

མཚུངས་པར་ལྡན་པ་ཡང་མ་ཡིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་མི་ལྡན་

པའི་འདུ་བྱེད་རྣམས་ཞེས་བྱའོ།།   །།

 

༡༨༽འདུ་ཤེས་མེད་པ་པ་འདུ་ཤེས།། མེད་པར་སེམས་དང་སེམས་བྱུང་རྣམས།། ཞེས་

སོགས་ཀྱི་སྐབས་་་འདུ་ཤེས་མེད་པ་ཞེས་བྱ་བ་ནི་གང་་་་དེ་གནས་གང་དུ་གནས་པ་ཡིན་པ་དང་བྱུང་བ་གསུམ་གྱི་ནང་ནས་གང་ཡིན?

ལན=འདུ་ཤེས་མེད་པ་ཞེས་བྱ་བ་ནི་འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་རྣམས་ཡིན་ནོ།།

དེ་གནས་གང་དུ་གནས་པ་ཡིན་ཞེ་ན། གཞུང་ལས། ་་་་་་་་་་་་དེ་འབྲས་ཆེ།།

                                                         ཞེས་དེ་ལྟ་བུ་དང་ལྡན་པའི་སེམས་ཅན་དེ་ཡང་འབྲས་བུ་ཆེ་བའི་ཕྱོགས་གཅིག་ཏུ་གནས་པ་ཡིན་ནོ།།

བྱུང་བ་གསུམ་གྱི་ནང་ལས་གང་ཡིན་ཞེ་ན། གཞུང་ལས། ་་་་་་་རྣམ་སྨིན་ལས་བྱུང་

                                                       ཞེས་པས་དེ་ནི་རྣམ་སྨིན་ལས་བྱུང་བ་ཡིན་ནོ།།    །།

 

༡༩༽སྲོག་ནི་ཚེ་ཡིན་དྲོད་དང་ནི།།  རྣམ་ཤེས་རྟེན་གང་ཡིན་པའོ།། ཞེས་པའི་འགྲེལ་པ་

བྲིས་ནས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞིའི་གོ་དོན་མ་ནོར་བ་ཁོད?

ལན=ཞེས་གསུངས་ཏེ། སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེ་ཡིན་ལ། ཚེ་ནི་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་དང་རྒྱུ་གང་ཡིན་པའོ།། དེ་ཡང་ཁམས་འོག་མ་གཉིས་ན་དེ་གཉིས་ཀ་དང་། གཟུགས་མེད་ན་རྣམ་ཤེས་ཀྱི་རྟེན་བྱེད་

པའོ།། 

གཞུང་ལས། མཚན་ཉིད་དག་ནི་སྐྱེ་བ་དང་།། 

           རྒ་དང་གནས་དང་མི་རྟག་ཉིད།།

                              ཞེས་ཆོས་རྣམས་སྐྱེད་པར་བྱེད་པའི་སྐྱེ་བ་དང་།

གནས་པར་བྱེད་པའི་གནས་པ་དང་། རྙིང་པར་བྱེད་པའི་རྒ་བ་དང་། འཇིག་པར་བྱེད་པའི་

མི་རྟག་པ་ཉིད་དང་བཞིའོ།།  ཞེས་གསུངས་སོ།།  །།

 

༢༠༽རྒྱུ་དང་རྐྱེན་གྱི་མཚན་ཉིད་དང་དབྱེ་བ་དེ་གཉིས་ཀྱི་ཁྱད་པར་བྲིས་ནས་རྒྱུའི་རྐྱེན་ཞེས་བྱ་བ་གང་ཡིན་པ་དང་་རྒྱུ་དེ་དག་གི་འབྲས་བུ་གང་ཡིན་པ་ཡང་མ་ནོར་བ་བྲིས?

ལན=རྒྱུའི་མཚན་ཉིད་ནི། སྐྱེད་བྱེད་དོ།།

    རྐྱེན་གྱི་མཚན་ཉིད་ནི། གྲོགས་བྱེད་པའོ།

དང་པོ་རྒྱུ་ལ་དབྱེ་ན། 

             གཞུང་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་།།

                        སྐལ་མཉམ་མཚུངས་པར་ལྡན་པ་དང་།།

                        ཀུན་ཏུ་འགྲོ་དང་རྣམ་སྨིན་དང་།།

                        རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།།  ཞེས་པས། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང། སྐལ་མཉམ་གྱི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། རྣམ་སྨིན་རྒྱུ་སྟེ་རྒྱུ་དྲུག་དང་།

རྐྱེན་ལ་དབྱེ་ན། 

           གཞུང་ལས། རྐྱེན་ནི་བཞི་པོ་དག་ཏུ་གསུངས།།

                                                ཞེས་རྒྱུའི་རྐྱེན། དམིགས་པའི་རྐྱེན། བདག་པོའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་ནོ།།

དེ་གཉིས་ཀྱི་ཁྱད་པར་ནི། དེས་ན་འབྲས་བུ་སྐྱེད་པ་དང་འགྲུས་པར་བྱེད་པས་ན་རིམ་པ་

ལྟར་རྒྱུ་དང་རྐྱེན་དུ་བརྗོད་ཀྱི་དོན་ལ་ཐ་དད་མེད་པར་ཤེས་པར་བྱའོ།། ཞེས་མཆིམས་ཆེན་

དུ་དེ་ལྟར་གསུངས་སོ།།

རྒྱུའི་རྐྱེན་ཞེས་བྱ་བ་ནི། གཞུང་ལས།

                             རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན།།

                                             ཞེས་རྒྱུའི་རྐྱེན་ཞེས་བྱ་བ་ནི་བྱེད་རྒྱུ་མ་གཏོགས་པའི་རྒྱུ་གཞན་ལྔ་ཡིན་ནོ།།

གཞུང་ལས། རྣམ་སྨིན་འབྲས་བུ་ཐ་མའི་ཡིན།།

          བདག་པོའི་འབྲས་བུ་དང་པོའི་ཡིན།།

          རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི།།

         སྐྱེས་བུ་པ་ནི་གཉིས་ཀྱི་ཡིན།།  

                                ཞེས་པ་ལྟར་རྣམ་སྨིན་གྱི་འབྲས་བུ་ནི་རྒྱུ་ཐ་མ་རྣམ་སྨིན་གྱི་རྒྱུའི་ཡིན་ནོ།། བདག་པོའི་འབྲས་བུ་ནི་རྒྱུ་དང་པོ་བྱེད་རྒྱུའི་ཡིན་ནོ།། རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་ཏུ་འགྲོ་བའི་རྒྱུ་གཉིས་ཀྱི་ཡིན་ནོ།། སྐྱེས་བུའི་བྱེད་པ་ཅན་གྱི་འབྲས་བུ་ནི། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་ཡིན་ནོ།།  །།


༢༡༽འདོད་པའི་ཁམས་ངོས་ཟུངས་ནས་དེ་ལ་གནས་དུ་ཞིག་ཡོད་པ་ཡང་གསལ་པོར་བྲིས?

ལན=འདོད་པའི་ཁམས་ནི། འདོད་པ་དང་ལྡན་པའི་ཕྱིར་དང་རང་གི་མཚན་ཉིད་འཛིན་

པས་ཁམས་ཏེ་འདོད་ཁམས་སོ།

དེ་ལ་དབྱེ་ན། གཞུང་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་།།

                      མི་རྣམས་དང་ནི་ལྷ་དྲུག་དག།

                      འདོད་པའི་ཁམས་ཡིན་དམྱལ་བ་དང་།།

                     གླིང་དབྱེ་བ་ལས་དེ་ཉི་ཤུ།།

                                           ཞེས་པ་ལྟར། དམྱལ་བ་བརྒྱད། ཡང་གསོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་དང་། ཡི་དྭགས། དུད་འགྲོ་དང་། མི་རྣམས་ལ་བཞི་སྟེ་ཤར་ལྷོ་ནུབ་བྱང་དང་། ལྷ་ལ་དྲུག་སྟེ་རྒྱལ་ཆེན་བཞི་པ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་གནས་ཉི་ཤུ་ཡོད་དོ།།    །།

 

༢༢༽གཟུགས་ཁམས་གནས་རིས་བཅུ་བདུན་དང་གཟུགས་མེད་ཁམས་ན་གནས་མེད་པའི་རྒྱུ་མཚན་དང་སྐྱེ་བ་ལས་རྣམ་པ་བཞི་ཡོད་པ་ཡིན་པ་དེ་དག་གང་ཡིན་ནམ?

ལན=གཟུགས་ཁམས་གནས་རིས་བཅུ་བདུན་ནི། གཞུང་ལས། 

                                      གོང་མའི་གནས་དག་བཅུ་བདུན་ནི།།

                                       གཟུགས་ཁམས་ཡིན་དེར་སོ་སོ་ཡི།།

                                       བསམ་གཏན་ས་ནི་གསུམ་པ་ཡིན།།

                                          བཞི་པ་ས་ནི་བརྒྱད་པ་ཡིན།།

ཞེས་པ་ལྟར་བསམ་གཏན་དང་པོའི་ས་ནི་གསུམ་སྟེ། ཚངས་རིས། ཚངས་པའི་མདུན་ན་འདོད། ཚངས་པ་ཆེན་པོའོ།།

བསམ་གཏན་གཉིས་པའི་ས་གསུམ་སྟེ། འོད་ཆུང་། ཚད་མེད་འོད། འོད་གསལ་ལོ།།

བསམ་གཏན་གསུམ་པ་ན་ཡང་གསུམ་སྟེ། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་རྣམས་སོ།།

བསམ་གཏན་བཞི་པའི་ས་ནི་བརྒྱད་ཡིན་ཏེ། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་རྣམས་ཏེ་་བཅུ་བདུན་ནོ།།

གཟུགས་མེད་ཁམས་ན་གནས་མེད་པའི་རྒྱུ་མཚན་ནི། གཞུང་ལས།

                                      གཟུགས་མེད་ཁམས་ན་གནས་མེད་དོ།།

ཞེས་གཟུགས་མེད་ཁམས་ནི་ཆོས་ཅན། གནས་གཞན་གོང་འོག་མེད་དེ། འདས་མ་འོངས་དང་རིག་བྱེད་མིན་པ་དང་ཆོས་གཟུགས་ཅན་མིན་པ་རྣམས་ཡུལ་ན་མི་གནས་པའི་ཕྱིར་རོ།།

སྐྱེ་བ་ལས་ནི་རྣམ་པ་བཞི་ཡོད་དེ། གཞུང་ལས། 

                                              སྐྱེ་བ་ལས་ནི་རྣམ་པ་བཞི།།

ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མིན་གྱི་སྐྱེ་མཆེད་དོ།། །།

 

༢༣༽འགྲོ་བ་ལྔ་དང་སྐྱེ་གནས་བཞི་ངོས་ཟུངས་ནས་དེ་གཉིས་ལ་མུ་གསུམ་མུ་བཞི་སོགས་ཀྱི་ཁྱད་པར་ཡོད་དམ་མེད་གསལ་པོར་ཞོག?

ལན=འགྲོ་བ་ལྔ་ནི། གཞུང་ལས།

                          དེར་ནི་དམྱལ་སོགས་འགྲོ་བ་ལྔ།།

                         རང་གི་མིང་གིས་བསྟན་་་་་་་་་་།།    ཞེས་པ་ལྟར། དམྱལལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷ་རྣམས་སོ།།

སྐྱེ་གནས་བཞི་ནི། གཞུང་ལས། དེར་ནི་སྒོ་ང་ལས་སྐྱེས་སོགས།།

                          སེམས་ཅན་སྐྱེ་གནས་བཞི་དག་ཏུ།།

ཞེས་གསུངས་པ་ལྟར། མངལ་ནས་སྐྱེས་པ། དྲོད་གཤེར་ནས་སྐྱེས་པ། བརྫུས་ཏེ་སྐྱེས་པ། སྒོ་ང་ལས་སྐྱེས་པ་སྟེ་བཞིའོ།།

དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དེ། གདགས་པ་ལས། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་ཞིག་མ་བསྡུས་ཞེ་ན་སྲིད་པ་བར་མའོ། །ཞེས་གསུངས་པས་སོ།།     །།

 


                    དགེ་ལེགས་སུ་འགྱུར་ཅིག།

 

 གནས་དང་པོ་ཁམས་བསྟན་པའི་དྲི་ལན་བཞུགས་སོ།།

 

)    བསྟན་བཅོས་ཀྱི་མཆོད་བརྗོད་བསྟན་པའི་གཞུང་ཚིག་ངོས་བཟུང་ནས་མཆོད་པར་བརྗོད་ཚུལ་གཞུང་ལྟར་བྲིས?

 

ཞུ་ལན། ་གཞུང་ཚིག་ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས།    རང་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་་ཚོགས་པ་རྣམ་པ་གཉིས་ཀྱིས་སྟོན་པའི་ཡྟོན་བརྗོན་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ། རང་གི་དོན་ལ་་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུན་པ་གཏན་ནས་བཅོམ་པ་དང་། གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱི་གོ་ནས་མཆོད་པར་བྱེད་པ་ཡིན།།

 

) གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌།།ཞེས་པའི་སྐབས་ཀྱི་མུན་པ་བཞག་ནས་དེ་དག་བཅོམ་ཚུལ་ཇི་ལྟར་གསུངས་ཡོད?

 

ལན། ༌།།ཞེས་པའི་སྐབས་ཀྱི་མུན་པ་ནི། ཡང་དག་པའི་བདེན་བཞི་བླང་དོར་གྱི་དོན་མཐོང་བ་ལ་གེགས་སུ་གྱུར་པ་ཡིན་པའི་ཕྱིར་ན་མུན་པ་དང་། དེ་ལྟ་བུའི་མུན་པ་དེ་ཉིད་རྫོགས་པའི་སངས་རྒྱས་ཀྱིས་གཉེན་པོ་རྙེད་ནས་ཤེས་བྱ་ཐམས་ཅད་ལ་སླར་མི་སྐྱེ་བའི་ཆོས་ཅན་དུ་བཅོམ་པ་ཡིན་ནོ།།

 

དགོས་སོགས་ཆོས་བཞི་བསྟན་པའི་རྩ་ཚིག་བཀོད་ནས་དགོས་སོགས་ཆོས་བཞི་རེ་རེ་བཞིན་བྲིས?

་ཞུ་ལན།  དགོས་སོགས་ཆོས་བཞི་བསྟན་པའི་གཞུང་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །དགོས་སོགས་ཆོས་བཞི་ནི། བརྗོད་བྱ་ནི་ལྷག་པ་ཤེས་རབ་ཀྱིབསླབ་པ་དང་། དགོས་པ་ནི།  ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་རྒྱུད་ལ་སྐྱེ་བར་བྱ་བའི་ཆེད་དུ་ཡིན་པ་དང་། ཉིང་དགོས་ནི། ཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་།  དེ་དག་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བ་ནི་འབྲེལ་བ་ཡིན་ནོ།

 

) ཆོས་མངོན་པ་བསྟན་པ་ལ་རག་ལས་པའི་རབ་ཏུ་རྣམ་པར་དབྱེ་་བར་བྱ་བའི་ཆོས་དེ་དག་གང་ཡིན་པ་དང་འདུས་མ་བྱས་གསུམ་གྱི་མཚན་ཉིད་བྲིས?

 

ཞུ་ལན།  ཆོས་མངོན་པ་བསྟན་པ་ལ་རག་ལས་པའི་རབ་ཏུ་རྣམ་པར་དབྱེ་་བར་བྱ་བའི་ཆོས་དེ་གང་ཡིན་ཞེ་ན་གཞུང་ལས།  ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་གསུངས་ལ། འདུས་མ་བྱས་གསུམ་གྱི་མཚན་ཉིད་ནི། གང་ན་གཟུགས་ཀྱི་གོ་ཡོད་པས་མི་སྒྲིབ་པ་ཅན་རྟེན་གྱི་དོན་བྱེད་ནུས་པ། ནམ་མཁའི་མཚན་ཉིད།  གཉེན་པོའི་སྟོབས་ཀྱིས་དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ།། སོ་སོར་བརྟགས་འགོག་དང་།།

རྐྱེན་མ་ཚང་བའི་སྟོབས་ཀྱི་ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་སོ་སོར་བརྟགས་འགོག་ལས་གཞན་པ།། སོ་སོར་བརྟགས་མིན་གྱི་འགོག་པ།།

 

) རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་ཞེས་པ་ཇི་ལྟ་བུ་ཞིག་ཡིན་པ་དང་ ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་པ་གང་ཡིན་གཞུང་ལྟར་བྲིས?

 

ཞུ་ལན།   རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། དྲུག་པོ་འདས་མ་ཐག་པ་ཡི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་ཡིད་ཀྱི་ཁམས་ཞེས་བྱའོ།། ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་པ་གང་ཡིན་ཞེ་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོགས། སྐྱེ་མཆེད་རྣམ་པར་གཞག་པའི་གནས་སྐབས་ན་ཆོས་ཀྱི་སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པའི་གནས་སྐབས་ན་ཆོས་ཀྱི་ཁམས་ཞེས་བྱ་བ་ཡིན་ནོ།

 

) སྟོན་པས་ཕུང་པོ་ཁམས་སྐྱེ་མཆེད་ཞེས་རྣམ་པ་གསུམ་དུ་སྟོན་པའི་རྒྱུ་མཚན་དང་ ཚོར་བ་དང་འདུ་ཤེས་ལོགས་སུ་ཕུང་པོར་བསྟན་པའི་དགོས་པ་ཞོག?

 

ཞུ་ལན། རྒྱུ་མཚན་ནི་གཞུང་ལས། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། གསུངས་པ་ལྟར། གདུལ་བྱ་རྣམས་ཀྱི་རྨོངས་པ་གསུམ་དང་དབང་པོ་གསུམ་དང་འདོད་པ་རྣམ་པ་གསུམ་གྱི་ཕྱིར། དེ་དག་ལ་གོ་རིམ་བཞིན་ཕུང་པོ་ལ་སོགས་པ་གསུམ་བསྟན་ཏོ།། 

དེགཉིས་ལོགས་སུ་བསྟན་དགོས་པ་ནི་རྩ་བ་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་གཞག །ཅེས་གསུངས་པ་བཞིན་ནོ།

 

) ཁམས་བཅོ་བརྒྱད་པོ་དེ་དག་ལས་དགེ་བ་ཡིན་པ་དང་ མི་དགེ་བ་ཡིན་པ་ལུང་མ་བསྟན་ཡིན་པ་སོ་སོར་འཇོག?

 

དྲི་བ་བཅུ་བཞི་པའི་ཞུ་ལན།   ཁམས་བཅོ་ བརྒྱད་པོ་དེ་དག་ལས་དགེ་བ་དང༌། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞེ་ན་ལུང་མ་བསྟན་བརྒྱད་།གཟུགས་སྒྲ་གཉིས་མ་གཏོགས་པ་རྣམས་སོ་གཞན་ཁམས་བཅུ་པོ་དག་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པ་གསུམ་སྟེ་སེམས་ཀྱི་ཁམས་བདུན་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །གཞན་དག་ནི་ལུང་དུ་མ་བསྟན་པའོ། །དེཡང་གཞུང་ལས། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་གསུངས་སོ།

 

) རྟོག་དང་དཔྱོད་དང་བཅས་པ་ནི།།རྣམ་པར་ཤེས་པའི་ཁམས་ལྔ་ཡིན།།ཐ་མ་གསུམ་ནི་རྣམ་གསུམ་མོ།།ལྷ་མ་རྣམས་ནི་གཉིག་ སྤངས།།ཞེས་པའི་གོ་དོན་གཞུང་ལྟར་བྲིས?

 

ཞུ་ལན།  དེ་ཡང་རགས་པར་རྟོག་པ་དང་། ཞིབ་མོར་དཔྱོད་པ་དང་ བཅས་པ་ནི། མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་ཏེ། རྣམ་པར་ཤེས་པའི་ཁམས་རྣམ་པ་ལྔ་པོ་ཡིན་ཏེ། དེ་དག་ནི་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར་ན་རྩིང་བའི་རྣམ་པ་ཅན་ཡིན་ནོ། །ཡང་ཁམས་ཐ་མ་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམ་ པ་གསུམ་པོ་དེ་ནི་རྟོག་བཅས་དཔྱོད་བཅས་དང་ནི། རྟོག་མེད་དཔྱོད་ཙམ་དང་ནི། རྟོག་མེད་དཔྱོད་མེད་དེ། དེ་དག་རྣམ་པ་གསུམ་དུ་བསྡུས་བ་ཡིན་ ནོ། །དེ་ལས་ལྷག་མ་ཁམས་གཟུགས་ཅན་པ་རྣམ་པ་བཅུ་པོ་དེ་དག་རྣམས་ནི། མཚུངས་པར་ལྡན་པའི་རང་བཞིན་མ་ཡིན་པས་ན་རྟོག་པ་དང་དཔྱོད་པ་གཉིས་ཀ་སྤངས་སོ།

 

༡༠) ཁམས་བཅོ་བརྒྱད་པོ་དག་ལས་ལྟ་བ་ནི་དུ་ ལྟ་བ་མིན་པ་ནི་དུ་ཡིན་ཁ་གསལ་འཇོག?

 

དྲི་བ་ཅུ་བདུན་པའི་ཞུ་ལན།  ཁམས་རྣམས་ལས་ལྟ་བ་ནི་དུ་ལྟ་བ་མིན་པ་ནི་དུ་ཞེ་ན། ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པའི་ལྟ་བ་དང་། མི་སློབ་པའི་ལྟ་བའོ། འདི་ལས་ལོག་པ་ནི་ལྟ་མིན་ཡིན་ནོ།

 

 

                               གནས་གཉིས་པ།།

 

རྣམ་སྨིན་གྱི་འབྲས་བུ་ཡིན་པའི་དབང་པོ་དེ་གང་ཡིན་པ་དང་དགྲ་བཅོམ་པའི་སྲོག་གི་དབང་པོ་རྣམ་སྨིན་ཡིན་དང་མ་ཡིན་ཁ་གསལ་བྲིས?

 

རྣམ་སྨིན་གྱི་འབྲས་བུ་ཡིན་པའི་དབང་པོ་ནི། རྩ་གཞུང་ལས། སྲོག་ནི་རྣམ་སྨིན། ཞེས་པ་ལྟར། སྲོག་ནི་རྣམ་སྨིན་ཡིན་པ་དང་། དགྲ་བཅོམ་པའི་སྲོག་གི་དབང་པོ་ནི་རྣམ་སྨིན་མ་ཡིན་ཏེ། བསྟན་བཅོས་ལས།  དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པར་འགྱུར་རོ་ཞེས་རྣམ་སྨིན་ཡིན་པ་འདོད་པ་ན།  སློབ་དཔོན་དེ་དག་གི་དེ་ལྟ་བུ་དེ་ནི་ཏིང་ངེ་འཛིན་གྱི་མཐུ་ཁོ་ན་སྟེ། དེས་སྔོན་གྱི་ལས་ལས་སྐྱེས་པའི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱིས་གནས་པའི་དུས་འཕེན་པ་ནི་ཟློག་པར་བྱེད་ལ། སྔོན་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་སའི་འཕེན་པ་ནི་འཕེན་པར་བྱེད་དེ། དེ་ལྟ་བས་ན་སྲོག་གི་དབང་པོ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ཞེས་གསུངས་པའི་ཕྱིར་རོ།།     །།

 

 

བདེ་བའི་དབང་པོ་ཡིན་ན་ལུས་ཚོར་ཡིན་པས་ཁྱབ་མི་ཁྱ?

 

བདེ་བའི་དབང་པོ་ཡིན་ན་ལུས་ཚོར་ཡིན་པས་མ་ཁྱབ་སྟེ་བསམ་གཏན་གསུམ་པའི་སེམས་ཀྱི་ཚོར་བ་སིམ་པའི་བདེ་བའི་དབང་པོ་ཆོས་ཅན། བདེ་བའི་དབང་པོ་ཡིན་པ་གང་ཞིག་ལ། ལུས་ཚོར་མ་ཡིན་པའི་ཕྱིར་རོ།།    །།

 

མཐོང་སྤང་དང་སྒོམ་སྤང་ སྤང་བྱ་མ་ཡིན་པའི་དབང་སོ་སོ་ངོས་བཟུང་?

 

རྩ་གཞུང་ལས། ཡིད་དང་ཚོར་བ་གསུམ་རྣམ་གསུམ།།གཉིས་ཀྱིས་སྤང་བྱ་ཡིད་མི་བདེ།།དགུ་ནི་བསྒོམ་པས་ལྔ་པོ་ནི།།སྤང་བར་བྱ་མིན་ཡང་གསུམ་མིན།། ཞེས་གསུངས་པ་ལྟར།  ཡིད་དང་ཚོར་བ་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་གསུམ་ནི་རྣམ་པ་གསུམ་མོ།  མཐོང་སྒོམ་གཉིས་ཀྱིས་སྤང་བྱ་ཡིད་མི་བདེ་དང་། མིག་སོགས་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་དགུ་ནི་སྒོམ་པས་སྤང་བྱ་དང་། དད་སོགས་ལྔ་པོ་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡིན་པས་སྒོམ་པས་སྤང་བར་བྱ་བ་དང་སྤང་བྱ་མིན་པའོ། ཡང་མཐའ་མ་གསུམ་མཐའ་གཅིག་ཏུ་སྤང་བྱ་མིན་པ་ཉིད་དོ།།

 

འདོད་ཁམས་སུ་དང་པོ་རྣམ་སྨིན་གྱི་དབང་པོ་ཇི་ལྟར་རྙེད་དང་ གཟུགས་ཁམས་སུ་ཐོབ་པའི་དབང་པོ་རྣམས་ཚང་བར་བྲིས་ནས་ སྲོག་གི་དབང་པོ་གཅིག་ཁོ་ན་ཐོབ་པའི་ཁམས་འདི་གང་ཡིན་ནམ?

 

 འདོད་པ་དང་པོར་རྣམ་སྨིན་གྱི་དབང་པོ་གཉིས་རྙེད་དེ། ལུས་དབང་དང་སྲོག་དབང་ངོ་། གཟུགས་ཁམས་སུ་ཐོབ་པའི་དབང་པོ་རྣམས་ནི། ཕོ་དང་མོའི་དབང་པོ་མེད་པས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་སྲོག་གི་དབང་པོ་བཅས་དྲུག་ཐོབ་པ་ཡིན་པ་དང་། སྲོག་གི་དབང་པོ་གཅིག་ཁོ་ན་ཐོབ་པའི་ཁམས་ནི་གོང་མར་གཟུགས་མེད་ཀྱི་ཁམས་སོ།།     །།

 

.ཁམས་གང་དུ་འཆི་ན་དབང་པོ་དུ་ཞིག་ཐ་མར་གཏོང་བ་ཡིན་ནམ་གསལ་བར་ཞུ?

 

ཁམས་གང་དུ་འཆི་ན་དབང་པོ་དུ་ཞིག་ཐ་མར་གཏོང་བ་ཡིན་ཞེ་ན། གཟུགས་མེད་དག་ཏུ་འཆི་བ་ནི། སྲོག་དང་ཡིད་དང་བཏང་སྙོམས་ཉིད་འགག་པར་འགྱུར་རོ།། གཟུགས་ཁམས་སུ་འཆི་ན་དེའི་ཁར་མིག་སོགས་བསྣན་པའི་དབང་པོ་བརྒྱད་འགག་གོ། བརྫུས་ཏེ་སྐྱེ་བ་རྣམས་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ།།འདོད་པར་མཚན་གཉིས་པ་ཞིག་འཆི་ན་བརྒྱད་པོ་དེ་དང་ཕོ་མོའི་དབང་པོ་བཅུ་འགག་པའམ་མཚན་གཅིག་པ་ཞིག་འཆི་ན་དགུའམ་མཚན་མེད་པ་ཞིག་འཆི་ན་བརྒྱད་དོ།།

 

བཏང་སྙོམས་དང་ནི་སྲོག་དང་ནི།།ཡིད་དང་ལྡན་ལ་ངེས་གསུམ་ལྡན།། ཞེས་པའི་དོན་བྲིས?

 

དོན་ནི།  དེ་ཡང་ཚོར་བ་བཏང་སྙོམས་ཀྱི་དབང་པོ་དང་ སྲོག་གི་དབང་པོ་དང་ནི། ཡིད་ཀྱི་དབང་པོ་གསུམ་པོ་གང་རུང་དང་ལྡན་པ་ལ་ངེས་པར་དེ་གསུམ་དང་ལྡན་པ་ཡིན་ཏེ། དེ་དག་ཕན་ཚུན་མེད་ན་མི་ལྡན་པ་ཡིན་གྱི་ལྷག་མ་རྣམས་ནི་ཡོད་མེད་མ་ངེས་སོ་ཞེས་པའི་དོན་ནོ།། ཞེས་གསུངས་པ་ལྟར་རོ།།    །།

 

འདུས་བྱས་ལས་གཟུགས་ཅན་རྣམས་ལྷན་ཅིག་སྐྱེ་བའི་ཚུལ་ལེགས་པར་བྲིས?

 

འདུས་བྱས་ལས་གཟུགས་ཅན་རྣམས་ལྷན་ཅིག་སྐྱེ་བའི་ཚུལ་ནི། རྩ་གཞུང་ལས། འདོད་ན་དབང་པོ་མེད་པ་དང་།།སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།།ལུས་དབང་ལྡན་ལ་རྫས་དགུའོ།།དབང་པོ་གཞན་ལྡན་རྫས་བཅུའོ།། ཞེས་ལྟར། འདོད་པའི་ཁམས་ན་དབང་པོ་ཡང་མེད་པ་དང་། སྒྲ་མེད་པ་ཞིག་ཡིན་ན་བསག་པའི་རྡུལ་ཕྲ་རབ་ལ་རྡུལ་རྫས་བརྒྱད་དང་ལྡན་པར་ལྷན་ཅིག་ཏུ་སྐྱེ་བ་ཡིན་པ་སྟེ། དེ་བརྒྱད་ལས་གང་ཡང་རུང་བ་ཞིག་མེད་ན་ནི་སྐྱེ་བ་མ་ཡིན་ནོ།། རྫས་བརྒྱད་ནི། འབྱུང་བ་བཞི་དང་འབྱུང་འགྱུར་བཞི་དག་གོ། ཡང་ལུས་ཀྱི་དབང་པོ་དང་ལྡན་པ་ལ་ནི་བརྒྱད་པོ་དེ་དག་དང་། ལུས་རང་ཉིད་དང་རྫས་དགུའོ།། དེའི་ཁར་མིག་གི་དབང་པོའམ་རྣ་བའི་དབང་པོ་གཞན་དང་ལྡན་པ་ལ་ནི། སྔ་མ་དགུ་དང་ཡང་རྫས་བཅུའོ།། དེ་དག་ལ་སྒྲ་དང་བཅས་ན་སྒྲ་དང་རྫས་བཅུ་གཅིག་གོ། ཞེས་གསུང་པ་ལྟར་རོ།།     །།

 

  སེམས་བྱུང་ཞེས་པའི་དོན་བྲིས་ནས་  སེམས་བྱུང་རྣམ་པ་ལྔའི་དབྱེ་བ་སོ་སོ་ངོས་བཟུང་?

 

སེམས་བྱུང་ཞེས་པའི་དོན་ནི། གཙོ་སེམས་རྣམ་པར་ཤེས་པ་འདིའི་རྗེས་སུ་བྱུང་བ་ནི་སེམས་བྱུང་སྟེ། དེ་ལ་དབྱེ་ན།ས་མང་པོ་པ་དག་དང་།ལ་སོགས་པ། དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། མི་དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། ཐ་དད་པའི་ཕྱིར་རྣམ་པར་ལྔར་བྱས་སོ།། དང་པོ་ས་མང་པོ་པ་དག་ལ་དབྱེ་ན་བཅུ་སྟེ། རྩ་གཞུང་ལས། ཚོར་དང་སེམས་པ་འདུ་ཤེས་དང་།།འདུན་དང་རེག་དང་བློ་གྲོས་དྲན།།ཡིད་ལ་བྱེད་དང་མོས་པ་དང་།།ཏིང་ངེ་འཛིན་སེམས་ཐམས་ཅད་ལ།།ཞེས་དང་།  གཉིས་པ་དགེ་བའི་ས་མང་པོ་པ་ལ་དབྱེ་ན་བཅུ་སྟེ། རྩ་གཞུང་ལས། དད་དང་བག་ཡོད་ཤིན་ཏུ་སྦྱངས།།བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད།།རྩ་བ་གཉིས་རྣམ་མི་འཚེ་དང་།།བརྩོན་འགྲུས་རྟག་་ཏུ་དགེ་ལ་འབྱུང་།།ཞེས་དང་། གསུམ་པ་ཉོན་མོངས་པའི་ས་མང་པོ་པ་ལ་དབྱེ་ན་དྲུག་སྟེ། རྩ་གཞུང་ལས། རྨོངས་དང་བག་མེད་ལེ་ལོ་དང་།།མ་དད་པ་དང་རྨུགས་དང་རྒོད།།ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་།།ཞེས་དང་། བཞི་པ་མི་དགེ་བའི་ས་མང་པོ་པ་ལ་དབྱེ་ན་གཉིས་ཏེ། རྩ་གཞུང་ལས། མི་དགེ་ལ་ནི་ཁྲེལ་མེད་དང་།།ངོ་ཚ་མེད་པའོ།།ཞེས་དང་། ལྔ་པ་ཉོན་མོངས་པ་ཆུང་ངུའི་ས་པ་ལ་དབྱེ་ན་བཅུ་སྟེ། རྩ་གཞུང་ལས། ཁྲོ་བ་དང་།འཁོན་དུ་འཛིན་དང་གཡོ་དང་ནི།།ཕྲག་དོག་འཚིག་འཆབ་སེར་སྣ་དང་།།སྒྱུ་དང་སྒྱགས་དང་རྣམ་འཚེ་ནི།།ཉོན་མོངས་ཆུང་ངུའི་ས་པ་རྣམས།། ཞེས་གསུངས་པ་ལྟར་རོ།།   །།

 

ས་མང་ཞེས་པའི་དོན་བྲིས?

 

རང་ལུགས་ལས། ས་ཞེས་བྱ་བ་ནི་གོ་སྐབས་ཀྱི་ཡུལ་ཏེ་གང་ཞིག་གང་ནི་གོ་སྐབས་ཀྱི་ཡུལ་ཡིན་པ་དེ་ནི་དེའི་ས་ཞེས་བྱ་བ་དང་།དེ་ལ་འདི་དག་ལ་ས་མང་པོ་ཡོད་པས་ན་ས་མང་པོ་བ་རྣམས་ཏེ། གང་དག་སེམས་ཐམས་ཅད་ལ་འབྱུང་བའོ།། ཞེས་གསུངས་སོ།།    །།

 

༡༠ མི་ལྡན་པའི་འདུ་བྱེད་ཅེས་བྱའི་དོན་དང་འདིའི་དབྱེ་བ་ཡང་བྲིས?

 

མི་ལྡན་པའི་འདུ་བྱེད་ཅེས་བྱའི་དོན་ནི།  རང་ལུགས་ལས། འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་མི་ལྡན་པའི་འདུ་བྱེད་རྣམས་ཞེས་བྱའོ།། དེ་ལ་དབྱེ་ན་བརྒྱད་དེ།  རྩ་གཞུང་ལས། ཐོབ་དང་མ་ཐོབ་སྐལ་མཉམ་དང་།།འདུ་ཤེས་མེད་སྙོམས་འཇུག་པ་དང་།།སྲོག་དང་མཚན་ཉིད་རྣམས་དང་ནི།།མིང་གི་ཚོགས་ལ་སོགས་པ་ཡང་།། ཞེས་གསུངས་པ་ལྟར་རོ།།   །།

 

༡༡ རྒྱུ་དྲུག་པོ་རེ་རེ་བྲིས་ནས་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་པ་ཇི་ལྟར་གསུངས་འདུག?

 

རྒྱུ་དྲུག་ནི་རྩ་གཞུང་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་།།སྐལ་མཉམ་མཚུངས་པར་ལྡན་པ་དང་།།ཀུན་ཏུ་འགྲོ་དང་རྣམ་སྨིན་དང་།།རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།། ཞེས་པ་ལྟར་དང་།  བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་པ་ནི་རིམ་བཞིན།  དང་པོ་ནི་རང་གི་ངོ་བོ་ལས་གཞན་པའི་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུ་ཡིན་ཏེ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ།། གཉིས་པ་ནི། ཆོས་ལྷན་ཅིག་ཏུ་འབྱུང་བ་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ།།  ཞེས་གསུངས་སོ།།   །།

 

 ༡༢ ཆོས་འདྲ་བ་རྣམས་ལ་སྐལ་མཉམ་གྱི་རྒྱུ་ཞེས་བཞག་དགོས་པའི་རྒྱུ་མཚན་བྲིས?

 

ཆོས་འདྲ་བ་རྣམས་ལ་སྐལ་མཉམ་གྱི་རྒྱུ་ཞེས་བཞག་དགོས་པའི་རྒྱུ་མཚན་ནི།  རང་ལུགས་ལས། དགེ་བའི་ཕུང་པོ་དག་ནི་དགེ་བ་རྣམས་ཀྱི་ཡིན་པ་བཞིན་ཉོན་མོངས་པ་ཅན་རྣམས་དང་། ལུང་མ་བསྟན་རྣམས་ཀྱང་རང་རང་རྣམས་ཀྱི་ཡིན་ནོ།།འདྲ་བ་ཐམས་ཅད་ཡིན་ནམ་ཞེ་ན་མིན་ཏེ། འདི་ལ་རང་གི་རིས་དང་ས་ཡོད་པའི་རྒྱུ་མཚན་གྱིས་སོ།།  །།

 

༡༣འབྲས་བུ་ལྔ་ངོས་བཟུང་ནས་སོ་སོ་བརྟགས་འགོག་འབྲས་བུ་བཞག་པའི་རྒྱུ་མཚན་ཡང་བྲིས?

 

འབྲས་བུ་ལྔ་ནི་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བྲལ་བའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ། བདག་པོའི་འབྲས་བུ་བཅས་ལྔའོ།།  སོ་སོ་བརྟགས་འགོག་གི་འབྲས་བུ་ཞེས་པ་ནི་འདུས་མ་བྱས་ལ་ཐོབ་པའི་སྐྱེས་བུའི་བྱེད་འབྲས་ཏེ་ཟག་བཅས་གཉེན་པོས་བྲལ་བ་སོ་སོ་བརྟགས་འགོག རང་ལུགས་ལས།  ཇི་ལྟར་ན་འབྲས་བུ་ཡིན་ཞེ་ན། ལམ་གྱི་འབྲས་བུ་ཡིན་ཏེ། དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ།།    །།

 

༡༤འབྲས་བུ་ལྔ་སོ་སོའི་ངོ་བོ་ངོས་ཟུང?

 

དང་པོ་རྣམ་སྨིན་གྱི་འབྲས་བུའི་ངོ་བོ་ནི། རྩ་གཞུང་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས།།སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་།།ཞེས་དང་། གཉིས་པ་རྒྱུ་མཐུན་གྱི་འབྲས་བུའི་ངོ་བོ་ནི། རྩ་གཞུང་ལས། རྒྱུ་མཐུན་རྒྱུ་དང་འདྲ་བ་འོ།།ཞེས་དང་།  གསུམ་པ་ནི། བྲལ་བའི་འབྲས་བུའི་ངོ་བོ་ནི། རྩ་གཞུང་ལས། བྲལ་བ་བློ་ཡིས་ཟད་པ་འོ།།ཞེས་དང་།  བཞི་པ་སྐྱེས་བུའི་བྱེད་པའི་འབྲས་བུ་ནི། རྩ་གཞུང་ལས། གང་གི་སྟོབས་ཀྱིས་གང་སྐྱེས་པའི།།འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས།།ཞེས་དང་། ལྔ་པ་བདག་པོའི་འབྲས་བུའི་ངོ་བོ་ནི། རྩ་གཞུང་ལས། སྔོན་བྱུང་མ་ཡིན་འདུས་བྱས་ནི།།འདུས་བྱས་ཁོ་ནའི་བདག་པོའི་འབྲས།།  ཞེས་གསུངས་པ་ལྟར་རོ།།  །།

 

༡༥ རྐྱེན་བཞི་བྲིས?

 

རྐྱེན་བཞི་པོ་ནི། རྒྱུ་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནོ།།

 

 

༄༅།། གནས་གསུམ་པ་འཇིག་རྟེན་བསྟན་པའི་དྲི་ལན་བཞུགས་སོ།།

 

༡༽གནས་གཉིས་པའི་མཇུག་ཐོག་ཏུ་གནས་གསུམ་པ་སྟོན་དགོས་པའི་གཞུང་གི་འབྲེལ་རྣམས་བྲིས?

 

འཇིག་རྟེན་བསྟན་པའི་མཛོད་འཆད་པ་ན་ཁམས་བསྟན་པར་འདོད་ཁམས་གཏོགས་པ་ཐམས་ཅད་དོ་ཞེས་བྱ་བ་ལ་སོགས་པ་དང་།དབང་པོ་བསྟན་པར་དྲི་མེད་མ་གཏོགས་འདོད་པ་གཏོགས་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་གྱི་མིང་ཙམ་ཞིག་བཤད་པས་དེའི་དོན་བསྟན་པའི་ཕྱིར་འཇིག་རྟེན་བསྟན་པའི་མཛོད་འཆད་པར་བྱེད་དོ།།

 

༢༽ཁམས་གསུམ་དུ་དབྱེ་བའི་འགྲོ་བ་ལྔའི་ངེས་ཚིག་གསལ་པོ་ཁོད?

 

དགའ་བ་མེད་པས་ན་དམྱལ་བ།ཕྱིར་མི་ལྡོག་པ་དེར་སོང་བས་སམ་ཤིན་ཏུ་སྐོམ་པས་ན་ཡི་དྭགས། དུད་དེ་འགྲོ་བས་ན་དུད་འགྲོ་རྣམས་དང༌། ཡིད་ཤས་ཆེ་བས་ན་མི་རྣམས་དང༌། ཁྱིམ་ནམ་མཁའ་ལ་ཡོད་པས་ན་འདོད་ལྷ་དྲུག་དག་འདོད་པའི་ཁམས་ཡིན་ ནོ།

                         

༣༽ཁམས་གསུམ་གྱི་ངེས་ཚིག་དང་དེ་དག་འཇོག་བྱེད་ཀྱི་ཚད་བཅས་བྲིས?

 

ཁམས་གསུམ་གྱི་ངེས་ཚིག་ནི། རང་ལུགས་ལས། འདོད་པ་དང་ལྡན་པའི་ཕྱིར་དང་རང་གི་མཚན་ཉིད་འཛིན་པས་ཁམས་ཏེ་འདོད་ཁམས་དང་། གཟུགས་དང་ལྡན་པའི་ཕྱིར་གཟུགས་ཁམས་དང་།  གང་ན་གཟུགས་སུ་རུང་བ་མེད་པས་དེ་དང་ལྡན་པའི་ཁམས་ནི་གཟུགས་མེད་ཁམས་སོ།།ཞེས་གསུངས་པ་ལྟར་རོ།།   །།

                                   

༤གཟུགས་ཁམས་གནས་རིགས་བཅུ་དྲུག་ཏུ་འཇོག་ཚུལ་ཁུངས་དང་བཅས་བྲིས?

 

རང་ལུག་ལས། ཚངས་པའི་མདུན་ན་འདོན་ཁོ་ན་དག་ན་ཚངས་པ་ཆེན་པོའི་གནས་མཆོག་ཏུ་གྱུར་པ་གཙོ་བོ་གཅིག་པ་ཅན་ཅིག་སྤགས་པ་བཞིན་དུ་མངོན་པར་གྲུབ་ཀྱི་ས་གཞན་ནི་མེད་དོ་ཟེར་རོ།                 

 

༥༽སྲིད་པ་བར་མ་ཡོད་པའི་ཁུངས་ཚིག་འབྲུ་༡༥༠ ལས་མ་ཉུང་བ་བྲིས?

 

གཞུང་ལས། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར།།

སྲིད་པ་ཆད་ལས་བྱུང་བ་མིན།།གཟུགས་བརྙན་མ་གྲུབ་ཕྱིར་ན་དང་།།མི་འདྲའི་ཕྱིར་ན་དཔེ་མ་ཡིན།།གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར།།རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར།།མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ།།ལྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ།། ཞེས་གསུངས་ཏེ། །སྡེ་པ་གཞན་ན་རེ།འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པ་འབྱུང་ངོ་། །ཞེས་ཟེར་རོ། །རིགས་པ་དང་ལུང་གིས་དེ་མི་འཐད་དོ། །རིགས་པ་ནི་འཆི་བའི་སྲིད་པ་ཆད་པ་ལས་སྐྱེ་བའི་སྲིད་པ་འབྱུང་བ་མིན་ཏེ།རྒྱུན་གྱིས་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་ཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་སྟེ། འབྲུའི་རྒྱུན་དང་ཆོས་མཐུན་པའི་ཕྱིར་རོ། །ཆད་ནས་འབྱུང་བ་མཐོང་སྟེ་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ལས་གཟུགས་བརྙན་ལྟ་བུའོ་ཟེར་ན། གཟུགས་བརྙན་མ་གྲུབ་ཕྱིར་ན་དང་།མི་འདྲའི་ཕྱིར་ན་དེ་འདིའི་དཔེར་རུང་བ་མ་ཡིན་ནོ། །གཅིག་ན་ལྷན་ཅིག་པས་གཉིས་མེད་པའི་ཕྱིར་དང་། གཟུགས་བརྙན་གཟུགས་ཀྱི་རྒྱུན་མིན་པའི་ཕྱིར་དང་། གཟུགས་བརྙན་ནི་གཉིས་ལས་འབྱུང་ཕྱིར་དཔེ་མི་འདྲ་བ་ཡིན་ནོ།། ལུང་ནི་མགུར་ནས་གསུངས་ཕྱིར་ཡོད་དེ། མདོ་ལས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི། ཡི་དྭགས་ཀྱི། ལྷའི། མིའི། ལས་ཀྱི། སྲིད་པ་བར་མའོ་ཞེས་གསུངས་པས་སོ། ཡང་བཅོམ་ལྡན་འདས་ཀྱིས་ཕྱིར་མི་འོང་ལྔར་གསུངས་པས་སྲིད་པ་བར་མ་མེད་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བར་འགྱུར་བ་དང་།སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བའི་མདོ་འདི་ལས་ཀྱང་གྲུབ་བོ།།                

 

༦༽སྲིད་པ་བདུན་དང་། ཕྱིར་མི་འོང་བ་ལྔ། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་པ་གང་དང་གང་ཡིན

 

མདོ་ལས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི། ཡི་དྭགས་ཀྱི། ལྷའི། མིའི། ལས་ཀྱི། སྲིད་པ་བར་མའོ། ཕྱིར་མི་འོང་བ་ལྔ་ནི། བར་འདའ་དང་། སྐྱེས་འདའ་དང་། བྱེད་བཅས་དང་། བྱེད་མེད་དང་། གོང་འཕོ་ཞེས་བྱ་བ་རྣམ་པ་ལྔར་གསུངས་པ་དང་། ཡང་སྐྱེས་བུ་དམ་པའི་འགྲོ་བ་བདུན་ནི། བར་འདའ་ལ་མྱུར་བ་དང་། མྱུར་མིན་དང་། རིང་མོ་ཞིག་ནས་འདའ་བ་སྟེ་རྣམ་པ་གསུམ་དང་། སྐྱེས་འདའ་དང་། བྱེད་བཅས་དང་། བྱེད་མིན་དང་། གོང་འཕོ་སྟེ་འགྲོ་བ་རྣམ་པ་བདུན་ནོ།།

 

༧༽མདོ་ལས།མངལ་དུ་འཇུག་པ་བཞི་ཞེས་གསུངས་པ་འདིའི་བསྐོར་ཁ་གསལ་ཁོད?

 

མདོ་ལས་གསུངས་པའི་མངལ་དུ་འཇུག་པ་བཞི་ནི། གཞུང་ལས། གཅིག་ནི་ཤེས་བཞིན་དུ་འཇུག་གོ། གཞན་ནི་གནས་པ་ཡང་གཞན་ནི།། འབྱུང་བའང་གཞན་ནི་ཐམས་ཅད་རྨོངས།། སྒོ་ང་ལས་སྐྱེས་རྟག་ཏུ་འོ།། ཞེས་གསུངས་ཏེ། གཅིག་ནི་ཤེས་བཞིན་དུ་འཇུག་པ་ཤེས་པ། གཞན་འགའ་ཞིག་ནི་གནས་པ་ཡང་གཞན་ནི་འབྱུང་བའང་ཤེས་པས་ཡང་ཞེས་པ་འཇུག་པའོ། གཞན་ནི་ཐམས་ཅད་རྨོངས་པས་ཏེ་གནས་འཇུག་གཉིས་ཀ་ཤེས་བཞིན་མ་ཡིན་པའོ། སེམས་ཅན་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་རྨོངས་པའོ།             

 

༨༽རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཆ་གསུམ་དང་གཉིས་སུ་བསྡུས་ཚུལ།                                 

 

དང་པོ། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཆ་གསུམ་དང་གཉིས་སུ་བསྡུས་ཚུལ་ནི། སྔོན་དང་ཕྱི་མཐར་གཉིས་གཉིས་དང་།། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ།། ཞེས་གསུངས་ཏེ། དེ་ཡང་སྔོན་གྱི་མཐའ་ལ་མ་རིག་པ་དང་འདུ་བྱེད་གཉིས་དང་།ཕྱི་མའི་མཐར་སྐྱེ་བ་དང་རྒ་ཤི་རྣམ་པ་གཉིས་དང་། བར་དུ་ལྷག་མ་བརྒྱད་དོ། གཉིས་སུ་བསྡུས་ཚུལ་ནི། ཚོར་བ་ལ་ཐུག་གི་བར་ཡན་ལག་བདུན་སྔོན་གྱི་མཐའ་ཡིན་ལ་གཞན་ལྔ་ནི་ཕྱི་མའི་མཐའ་པ་ཡིན་ནོ། 

 

༩རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་རེ་རེ་བཞིན་གྱི་གོ་བ་གཞུང་དུ་གསུངས་པ་བཞིན་ཞུ?                                     

 

རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་རེ་རེ་བཞིན་གྱི་གོ་བ་ནི། ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་། འདུ་བྱེད་དག་ནི་ཚེ་སྔོན་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་འདུ་བྱེད་རྣམས་ཞེས་བྱ་སྟེ་ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་པར་ཤེས་པ་ནི་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་ནི་ཉིང་མཚམས་སྦྱོར་བའི་སེམས་དེ་ཕན་ཆད་ནས་ ཇི་སྲིད་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་དོ་ཞེས་པའི་བར་གྱི་གནས་སྐབས་སོ། དེ་ནི་སྐྱེ་མཆེད་དྲུག་དེ་དོད་པ་ནས་ཇི་སྲིད་དབང་པོ་དང་ཡུལ་དང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་དོ། །རེག་པ་ནི་གསུམ་འདུས་ཏེ་བདེ་སྡུག་ལ་སོགས་པ་བཏང་སྙོམས་ཀྱི་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་ཤེས་པར་ནུས་པ་ཚུན་ཆད་དོ། །ཚོར་བ་ནི་ཡོངས་སུ་ཤེས་ནུས་པ་ནས་ཇི་སྲིད་འཁྲིག་པའི་འདོད་ཆགས་ཀུན་ཏུ་མི་སྤྱོད་པའི་བར་རོ། །སྲེད་པ་ནི། ལོངས་སྤྱོད་འདོད་པའི་ཕྲག་དོག་དང་། འཁྲིག་པའི་ཆགས་པ་ཅན་གྱི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་འཚོལ་བ་ལ་ཞུགས་པའོ། །ཉེ་བར་ལེན་པ་ནི་གནས་སྐབས་གང་དུ་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་འཚོལ་བ་ལ་རྒྱུག་པའོ། །དེ་ལྟར་ཡོངས་སུ་རྒྱུག་པ། དེ་སྲིད་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པ་དེ་ནི་སྲིད་པ་ཡིན་ནོ། །ལས་དེ་ཡང་འདི་ནས་ཚེ་འཕོས་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བ་ནི་སྐྱེ་བ་ཡིན། འདི་ལ་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་ད་སྐྱེ་བ་ཡིན་ནོ། །སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་ཀྱི་བར་ནི་རྒ་ཤི་ཡིན་ནོ།།

 

༡༠༽ཟས་ཀྱི་གོ་དོན་དང་ཟས་བཞི་པོའི་ངོས་འཛིན་ ཟས་བཞིར་གྲངས་ངེས་ཚུལ་ གཟུགས་ཀྱི་སྐྱེ་མཆེད་ཟས་ཡོན་མིན་དཔྱོད་པར་ཞུ?                       

 

དང་པོ། ཟས་ཀྱི་གོ་དོན་ནི། གང་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པར་བྱེད་པའོ། གཉིས་པ། ཟས་བཞི་པོ་ནི། ཁམས་ཀྱི་ཟས། རེག་པའི་ཟས། ཡིད་ལ་སེམས་པའི་ཟས། རྣམ་པར་ཤེས་པའི་ཟས་སོ། གསུམ་པ། ཟས་བཞིར་གྲངས་ངེས་ཚུལ་ནི། གཞུང་ལས། འདི་ལ་གནས་དང་ནི། །རྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། དོན་དུ་གཉིས་ཏེ་གོ་རིམ་བཞིན།། ཞེས་གསུངས་། བཞི་པ། གཟུགས་ཀྱི་སྐྱེ་མཆེད་ཟས་མ་ཡིན་ཏེ། གཞུང་ལས། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས།།རང་དབང་གྲོལ་ལ་མི་ཕན་ཕྱིར།། ཞེས་གསུངས་པ་ལྟར། རང་གི་དབང་པོ་དང་། དེའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་ཕན་མི་འདོགས་ཤིང་། གྲོལ་བ་ཕྱིར་མི་འོངས་དང་ །དགྲ་བཅོམ་པ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བ་རྣམས་ལ་མི་ཕན་པའི་ཕྱིར་རོ།།

 

༡༡༽ སེམས་ཅན་གང་ལ་གནས་སྐབས་འཆི་བ་དང་སྐྱེ་བ་མེད་པ་ཡིན་ནམ?                             

 

མཉམ་པར་གཞག་པ་རྩེ་གཅིག་པའི་སེམས་ལའང་འཆི་འཕོའམ་སྐྱེ་བ་མེད་ལ། སེམས་མེད་པ་ལ་ཡང་དེ་མེད་དོ། དེ་ཡི་ཕྱིར་ན་འདུ་ཤེས་མེད་པའི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ལེན་པ་ན་སེམས་འབྱུང་བར་ཡིན་པ་བཤད་དོ།

 

༡༢༽འཆི་འཕོ་བ་ན་བཅོམ་ལྡན་ཀྱི་ཚོགས་གསུམ་དུ་བཞག་ཅེས་པའི་དགོངས་དོན་འགྲོལ?                 

 

གཞུང་ལས། འཕགས་དང་མཚམས་མེད་བྱེད་པ་དག ཡང་དག་ལོག་པ་ཉིད་དུ་ངེས།། ཞེས་པ་ལྟར། །དེ་ཡང་གང་ཟག་ལ་ཟག་པ་མེད་པའི་ལམ་སྐྱེས་པ་དེ་དག་གི་ཉོན་མོངས་པ་ཟད་པར་ངེས་པའི་ཕྱིར་ཡང་དག་པར་ངེས་པའོ། །མཚམས་མེད་བྱེད་པ་དག་ནི་དམྱལ་བར་ངེས་པའི་ཕྱིར་ལོག་པ་ཉིད་དུ་ངེས་པ། དེ་གཉིས་ལས་གཞན་པ་ནི་མ་ངེས་པ་ཡིན་ནོ།

 

༡༣༽ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ལ་རང་བློས་དེང་སང་ཀྱི་འགྲོས་དང་བསྟུན་ཚད་སོགས་ཨང་གྲངས་ཐོག་ཁ་གསལ་གནང་བར་ཞུ?                

 

གཞུང་ལས། འདི་ལ་བང་རིམ་བཞི་ཡོད་དེ།། བར་གྱི་ཐག་ནི་སྟོང་ཕྲག་བཅུ།། སྟོང་ཕྲག་དག་ནི་བཅུ་དྲུག་དང་།།བརྒྱད་དང་བཞི་དང་གཉིས་འཕགས་སོ།། དེ་ལ་ལག་ན་གཞོང་ཐོགས་དང་། ཕྲེང་ཐོགས་དང་ནི་རྟག་མྱོས་དང་།། རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས།། རི་ནི་བདུན་པོ་དག་ལ་ཡང་།། ཞེས་གསུངས་ཏེ།། །རི་རབ་འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ། དང་པོ་རི་རབ་ལས་འབུར་དུ་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་ དང་། གཉིས་པ་བརྒྱད་དང་། གསུམ་པ་བཞི་དང་། བཞི་པ་སྟོང་ཕྲག་གཉིས་འཕགས་སོ། །འོག་མ་དེ་ལ་གནོད་སྦྱིན་ལག་ན་གཞོང་ཐོགས་དང་། དེ་ནས་ གཉིས་པར་འཕྲེང་ཐོགས་དང་ནི་གསུམ་པར་རྟག་མྱོས་འདི་དག་ཀྱང་ལྷ་རྒྱལ་ཆེན་རིས་བཞི་པའི་ནང་ཚན། བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་ལྷ་རྣམས་གནས་པ་དེ་བཞིན། རི་ནི་བདུན་པོ་དག་ལ་ཡང་དེ་དག་གི་གྲོང་དང་གྲོང་རྡལ་ཡོད་དེ།དེ་ཉིད་ཀྱི་ཕྱིར་ལྷའི་རིས་དེ་ནི་ཐམས་ཅད་པས་ཆེ་བ་ཡིན་ ནོ།

 

༡༤༽བང་རིམ་བཞིའི་ཚང་དང་དེ་དག་ལ་གནས་པའི་ལྷ་གང་དང་གང་ཡིན་ནམ?           

 

༡༥༽ལྷ་དེ་རྣམས་འཁྲིག་པ་སྤྱོད་ཚུལ་དང་དེ་དག་གི་བུ་དང་བུ་མོའི་རྣམ་བཞག་ཁ་གསལ་ཁོད?   

 

གཞུང་ལས། འདོད་པ་སྤྱོད་པ་དྲུག་ཡིན་ནོ།། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན།།ཞེས་གསུངས་ཏེ།འདོད་གཟུགས་ཀྱི་ལྷ་ཡི་རིགས་ཉི་ཤུ་རྩ་གཉིས་ཡོད་འདོད་པ་དག་ལ་སྤྱོད་པ་ནི།འདོད་པའི་ལྷ་དྲུག་ཡིན་ནོ།དེ་དག་ཀྱང་རྒྱལ་ཆེན་བཞི་པ་དང་སུམ་ཅུ་རྩ་གསུམ་པ་རྣམས་ནི།གཉིས་གཉིས་ཀྱིས་འཁྲིག་པ་དང་།འཐབ་བྲལ་པ་རྣམས་ནི་འཁྱུད་པས་ས་འཁྲིག་པ་དང་།དགའ་ལྡན་པ་རྣམས་ནི་ལག་བཅངས་བྱེད་པས་དང་།འཕྲུལ་དགའ་པ་རྣམས་ནི་དགོད་པ་དང་།གཞན་འཕྲུལ་དབང་བྱེད་པ་རྣམས་ནི་ཕན་ཚུན་བལྟས་པས་འཁྲིག་པ་ཡིན་ལ་ལྷའམ་ལྷ་མོ་གང་གི་པང་དུ་ལྷ་ཡི་བུའམ་བུ་མོ་གཞོན་ནུ་སྐྱེས་པ་གྱུར་པ་དེ་ནི།དེ་གཉིས་ཀྱི་བུ་དང་བུ་མོ་ཡིན་ནོ།

 

༡༦༽བསམ་གཏན་དང་པོ་དང་གཉིས་པ་གསུམ་པ་ལ་བདེ་བ་སྐྱེ་བ་གསུམ་པོའི་གོ་བ་གསལ་པོར་ཞུ?      

 

གཞུང་ལས། བདེ་བ་སྐྱེ་བ་གསུམ་པོ་ནི།། བསམ་གཏན་གསུམ་ལ་ས་དགུ་ཡིན།། ཞེས་པ་ལྟར། །བསམ་གཏན་གསུམ་པ་ས་དགུ་པོ་གང་ཡིན་པ་དེ་དག་ནི་བདེ་བ་སྐྱེ་བ་གསུམ་ཡིན་ཏེ། ལྷ་དེ་དག་དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། དགའ་བ་མེད་པའི་བདེ་བས་བདེ་བར་གནས་པ་ཡུན་རིང་མོ་ཞིག་ཏུ་གནས་པའོ།

 

༡༧༽སྟོང་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་དོན་ཁ་གསལ་ཁོད?

 

གཞུང་ལས། གླིང་བཞི་པ་དང་ཉི་ཟླ་དང་།། རི་རབ་དང་ནི་འདོད་ལྷ་དང་།། ཚངས་པའི་འཇིག་རྟེན་སྟོང་ལ་ནི།། སྟོང་ནི་སྤྱི་ཕུད་ཡིན་པར་འདོད།། དེ་སྟོང་ལ་ནི་སྟོང་གཉིས་པ།། བར་མའི་འཇིག་རྟེན་ཁམས་ཡིན་ནོ།། དེ་སྟོང་ལ་ནི་སྟོང་གསུམ་མོ།། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན།། ཞེས་གསུངས་ཏེ། འཛམ་བུ་གླིང་སོགས་གླིང་བཞི་པའི་འཇིག་རྟེན་དང་། ཉི་མ་དང་ཟླ་བ་དང་རི་རབ་དང་ནི་འདོད་པའི་ལྷ་རྣམས་དང་ཚངས་པའི་འཇིག་རྟེན་དང་བཅས་ཏེ་སྟོང་གི་གྲངས་ཚང་བ་ལ་ནི་སྟོང་ནི་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་པར་འདོད་དོ། །ཡང་སྟོང་ཆུང་ངུ་འཇིག་རྟེན་དེ་སྟོང་གི་གྲངས་ཚང་བ་ལ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ།ཡང་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དེ་སྟོང་གི་གྲངས་ཚང་བ་ལ་ནི་སྟོང་གསུམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ནི།མཉམ་དུ་འཇིག་ཅིང་མཉམ་དུ་འབྱུང་བ་ཡིན་ནོ།།                        

 

༡༨༽འདོད་ལྷ་དྲུག་གི་ལུས་ཚད་དང་ཚེ་ཚད་ཇི་ཙམ་ཡོད་པ་ཡི་ངོས་ཟུངས?                               

 

དང་པོ། ལུས་ཚད་ནི། གཞུང་ལས། འདོད་དང་ལྡན་པའི་ལྷ་ཡི་ལུས།།བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད།། ཅེས་གསུངས་ཏེ། སྡེ་རིས་བཞི་པ་རྒྱང་གྲགས་ཀྱི་ ཞི་ཆ་གསུམ་བཞི་ཆ་ནས་ནི་རྩ་གསུམ་པ་བཞི་ཆ་གཉིས་པ། འཐབ་བྲལ་བ་བཞི་ཆ་པ། དགའ་ལྡན་པ་རྒྱང་གྲགས། འཕྲུལ་དགའ་བ་རྒྱང་གྲགས་གཅིག་དང་བཞི་ཆ། གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་པའོ། གཉིས་པ། ཚེ་ཚད་ནི། གཞུང་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ།། འདོད་པ་དག་གི་ལྷ་རྣམས་ལས།། འོག་མ་དག་གི་ཉིན་ཞག་གཅིག།།དེས་ན་ཚེ་ལོ་ལྔ་བརྒྱ་འོ།། གོང་མ་གཉིས་ཀ་ཉིས་འགྱུར་རོ།། ཞེས་གསུངས་ཏེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་འདོད་པ་དག་གི་ལྷ་རྣམས་ལས་ཆེས་འོག་མ་རྒྱལ་ཆེན་བཞི་པ་དག་གི་ཉིན་ཞག་གཅིག །དེ་སུམ་ཅུ་ལ། ཟླ་བ་དེ་བཅུ་གཉིས་ལོ། དེ་ལྟ་བུ་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །མི་ལོ་བརྒྱ་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་ཏུ་བཞག་པ་དང་། དེའི་ རང་ལོ་སྟོང་། མི་ལོ་ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་བརྒྱ་ལྷག་མ་འཐབ་བྲལ་བ་སོགས་སོ་སོའི་ཉིན་ཞག །རང་ལོ་ཉིས་སྟོང་། བཞི་ སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་ཡིན་པས་སོ།

 

༡༩༽བསྐལ་པའི་རྣམ་བཞག་བསྐོར་ཤོག་ལེབ་ཕྱེད་ལས་མི་ཉུང་བ་བྲིས?                                       

 

༢༠༽རྒྱལ་རིགས་བྱུང་ཚུལ་བསྐོར་ཚིག་འབྲུ་༥༠ ལས་མོ་ཉུང་བ་ཞིག་བྲིས་གནང་བར་ཞུ?  

 

གཞུང་ལས།། ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས།། དེ་ནས་ལས་ཀྱི་ལམ་ལྷག་པས།། ཚེ་ཐུང་ལོ་ནི་བཅུ་ཡིན་ནོ།། ཞེས་གསུངས་ཏེ། དེ་ནས་རིམ་གྱིས་ས་ཡི་བཅུད་ཞག་ཁ་དོག་དམར་སེ་སྦྲང་རྩེའི་རོ་བྲོ་བ་ཡོད་པ་ཞིག་བྱུང་བས།འདི་ཡི་རོ་ལ་སེམས་ཅན་ཆགས་སྲེད་ཅན་འགའ་ཞིག་ཆགས་པས་ཟོས་པ་ན་ལུས་ལྕི་ཞིང་འོད་ཡང་མེད་པར་གྱུར་པ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཉི་མ་ཟླ་བ་སོགས་རིམ་པར་ནམ་མཁའ་ལ་བྱུང་བ་དང་། སའི་བཅུད་ཞག་ཀྱང་ནུབ་པའི་མཐར་མ་ཆོས་སྨྲ་བཏབ་པའི་འབྲས་ས་ལུ་ཕུབཤུན་མེད་པར་བྱུང་བ་ལ་དེ་ཟོས་པས་རྒྱུ་མཐུན་གྱི་ལམ་ཕོ་མོའི་དབང་པོ་ཡང་བྱུང་། དེ་ནས་ལེ་ལོས་གསོག་འཇོག་བྱས་ནས་ནི་དེ་དག་ཟད་པར་གྱུར་པ་ན། དེ་ལ་བདག་ཏུ་འཛིན་པ་དང་བཅས་པ་དེ་དག་རྣམས་ཀྱིས་ཞིང་ལ་ས་བོན་བཏབ་སྟེ། སོ་སོར་བདག་བཟུང་བྱས་པ་ན་ཕན་ཚུན་རྩོད་པ་དང་རྐུན་མ་སོགས་རིམ་པ་བཞིན་དུ་བྱུང་བས་འགའ་ཞིག་དེ་ལ་ཡིད་སྐྱོ་སྟེ་དགོན་པར་སོང་བས་བྲམ་ཟེའི་རིགས་བྱུང་ཞིང་། ཡང་རྩོད་པ་མི་འབྱུང་བའི་ཆེད་དུ་མི་རང་བཞིན་གྱིས་བཟང་བ་ཞིག་ཞིང་གི་དཔོན་དུ་བསྐོས་ཏེ། དེ་ལ་སྟོན་ཐོག་གི་དྲུག་ཆས་བསྟབས་པར་བྱས་པས་མང་པོས་བསྐུར་བའི་རྒྱལ་པོ་ཞེས་བྱ་བ་རྒྱལ་རིགས་ཀྱི་ཐོག་མར་བྱུང་ངོ་། །དེ་ནས་མི་དགེ་བའི་ལས་ཀྱི་ལམ་གཞན་གྱི་སྲོག་གཅོད་པ་ལ་སོགས་པ་རྣམས་ཤིན་ཏུ་ལྷག་པས་ཚེ་ཐུང་ངུ་ཉིད་དུ་གྱུར་ཏེ་རིམ་པས་བཞིན་དུ་ཐ་མར་ལོ་ནི་བཅུ་ཡི་བར་དུ་འགྲིབ་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་ན་ཕུང་ཁྲོལ་ཐམས་ཅད་ཀྱི་ཆུ་བོ་དེ་མཐའ་དག་གི་རྩ་བའི་སྐྱེ་ གནས་ནི་ཆོས་རྣམ་པ་གཉིས་ཏེ། རོ་ལ་ཆགས་པ་དང་ལེ་ལོའོ།      

    

                     ༼གནས་བཞི་པ༽

 

༡༽ འཇིག་རྟེན་བསྟན་པའི་གནས་ཀྱི་རྗེས་སུ་ལས་བསྟན་དགོས་པའི་རྒྱུ་མཚན་ཅི?

 

ཞུ་ལན།  རྩ་བ།  ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།།   ཞེས་གསུངས་པ་ལྟར་གོང་དུ་བཤད་པའི་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་རྣམས་རྒྱུ་མེད་པ་དང་དབང་ཕྱུག་ལ་སོགས་པ་སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་མ་ཡིན་པ་སེམས་ཅན་རྣམས་ཀྱི་ལས་དགེ་མི་དགེ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བདེ་སྡུག་དང་བཟང་ངན་ལ་སོགས་པ་སྐྱེས་བ་ཡིན་ཞེས་མཚམས་སྦྱར་བསྟན་པའི་ཕྱིར་དུ་འཇིག་རྟེན་བསྟན་པའི་གནས་ཀྱི་རྗེས་སུ་ལས་བསྟན་པ་ཡིན་ནོ།

 

༢༽ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་པར་རིག་བྱེད་དང་རིག་བྱེད་མིན་པ་མཚན་གཞི་དང་བཅས་འཇོག?

 

ཞུ་ལན། ལུས་དང་ངག་གི་ལས་ལ་་རྣམ་པ་རིག་དང་མི་རིག་གཉིས་གཉིས་ཡོད། དང་པོ་ལུས་ཀྱི་མཚན་ཞིག་ནི། ཕྱག་འཚལ་བ་དང་སྲོག་གཅོད་པའི་བྱ་བ་ལ་གནས་པའི་སེམས་པས་ཀུན་ནས་བསླངས་པའི་ལུས་ཀྱི་དབྱིབས་དེ་རྣམ་པ་རིག་བྱེད་དང་།

དེ་ལ་བརྟེན་ནས་སྡོམ་པ་དང་སྡོམ་མི་གང་རུང་ཐོབ་པ་ནི་རིག་བྱེད་མིན་པའོ། གཉིས་པ་ངག་གི་མཚན་ཞིག་ནི། རང་གི་ཀུན་ནས་སློང་བ་གཞན་གྱིས་རྣམ་པར་རིག་པར་བྱེད་པའི་སྒྲ་དེ་རིག་བྱེད་དང་།

དེ་ལ་བརྟེན་ནས་སྡོམ་པ་དང་སྡོམ་མི་གང་རུང་ཐོབ་པ་དེ་རིག་བྱེད་མིན་པའོ།

 

༣༽དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་མེད་པའི་རྒྱུ་མཚན་གང?

 

ཞུ་ལན།   རྒྱུ་མཚན་ནི། ཀུན་མཁྱེན་ཆེན་པོས། དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་མེད་ཀྱི་རང་ཉིད་འཇིག་པའི་ངང་ཅན་ཡིན་པའི་ཕྱིར།།

 

དབྱིབས་ཁ་དོག་ལས་གཞན་ཡིན་པར་འདོད་པའི་རྒོལ་བ་ངོས་བཟུང་ནས་དེ་དག་མདོ་སྡེ་པས་འགོག་ཚུལ་ཇི་ལྟར་གསུངས་འདུག?

 

ཞུ་ལན། དབྱིབས་ཁ་དོག་ལས་གཞན་ཡིན་པར་འདོད་པའི་རྒོལ་བ་ནི། བྱེ་བྲག་སྨྲ་བ་ཡིན་ནོ། དེ་འགོག་ཚུལ་ནི། རྩ་བ་ལས། གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད།། འདི་དབང་པོ་གཉིས་ཀྱིས་གཟུང་བར་འགྱུར་བ་ཞིག་ན་གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དོ། གཞན་ཡང་རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ་ཞེས་འགོག་པའོ།

 

 ༥༽འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་རྒྱུ་ཅི་ལས་བྱུང་བ་དཔེ་དང་བཅས་འཇོག།

 

ཞུ་ལན། གཞུང་ལས། འདོད་གཏོགས་རྣམ་རིག་མིན་སྐད་ཅིག། ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ།། ཞེསགསུངས་པ་ལྟར། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་སྐད་ཅིག་དང་པོ་ནི་རང་དང་དུས་མཉམ་པའི་ལུས་ཀྱི་འབྱུང་བ་ལས་སྐྱེ་ལ། དང་པོ་ཕྱིན་ཆད་ནི་འདས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པས་སྐྱེ་བ་ཡིན། དཔེ་ནི། འཁོར་ལོ་ས་ལ་གྲིལ་བ་ལ་ལག་པས་གྲིལ་བ་དང་སའི་ཕྱོགས་བཞིན་ནོ།

 

༦༽ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ཁམས་གང་ན་ཡོད་པ་སོ་སོར་བཞག་ནས་མི་དགེ་བའི་ལས་འདོད་ཁམས་ན་ཡོད་ལ་གཞན་དག་ན་མེད་པའི་རྒྱུ་མཚན་ཅི?

 

ཞུ་ལན། ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ཁམས་གང་དུ་ཡོད་ཅེ་ན། ལས་དགེ་བ་དང་་ལུང་མ་བསྟན་་ནི་ཁམས་གསུམ་དུ་ཡོད་པ་དང། མི་དགེ་བ་ནི་འདོད་ཁམས་ཁོ་ན་ཡིན། མི་དགེ་བ་ནི་འདོད་ཁམས་དུ་ཡོད་ལ་ཁམས་གཞན་དུ་མེད་པའི་རྒྱུ་མཚན་ནི།  མི་དགེ་བའི་རྩ་བ་ཀུན་ཆད་པ་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་བྲལ་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པའི་ཕྱིར།།

 

༧༽ཀུན་སློང་གི་དབང་ཁོ་ན་ལས་དགེ་བའམ་མི་དགེ་བར་མི་འཇོག་པའི་རྒྱུ་མཚན་དཔེ་དང་བཅས་གཞུང་ལྟར་དགོད?

 

ཞུ་ལན། ཀུན་སློང་གི་དབང་ཁོ་ན་ལས་དགེ་བའམ་མི་དགེ་བར་མི་འཇོག་གམ་ཞེ་ན་མིན་ཏེ། ཀུན་སློང་མེད་པ་དོན་དམ་པ་དང་ངོ་བོ་ཉིད་དང་།མཚུངས་ལྡན་དང་ཀུན་ནས་སློང་བ་བཞིས་།དེ་ལས་ཐར་པ་དམ་པའི་དོན་དུ་དགེ་བ། དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཁྲེལ་ཡོད་པ་ནི་ཀུན་སློང་ལ་མི་བསྟོས་པའི་ཕྱིར་བདག་ཉིད་ཀྱིའམ་ངོ་བོ་ཉིད་ཀྱི་དགེ་བ་སྟེ། འཕྲོད་པའི་སྨན་བཞིན་ནོ། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི། མཚུངས་ལྡན་གྱི་དགེ་བ་སྟེ། སྨན་དང་སྦྱར་བའི་བཏུང་བ་བཞིན། ཀུན་ནས་བསླང་བའི་བྱ་བ་དང་སྐྱེ་བ་ལ་སོགས་དང་ཐོབ་པ་དང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་རྣམས་ཀུན་ནས་སློང་བས་དགེ་བ་ཡིན་ཏེ། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ།

 

 

 

༨༽རྒྱུའི་ཀུན་སློང་དང་དེའི་དུས་ཀྱི་ཀུན་སློང་ཞེས་པ་གང་ལ་ངོས་བཟུང་དགོས?

 

ཞུ་ལན། གཞུང་ལས། གཉིས་ལས་དང་པོ་རབ་འཇུག་བྱེད།།

 གཉིས་པ་རྗེས་སུ་འཇུག་བྱེད་ཡིན།། ཞེས་གསུངས་པ་ལྟར།རྒྱུའི་ཀུན་སློང་ནི། ལས་འཕེན་པར་བྱེད་པ་ཡིན་པས་ལས་ལ་རབ་ཏུ་འཇུག་པར་བྱེད་པའོ། དེའི་དུས་ཀྱི་ཀུན་སློང་ནི། ལས་བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིན་ན་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ།།

 

 

༩༽རྣམས་པར་རིག་བྱེད་མེད་པ་ཡིད་ན་ཁམས་གསུམ་དུ་བསྡུས་པའི་ཁྱབ་མི་ཁྱབ་རྒྱུ་མཚན་དགོས?

 

ཞུ་ལན། རྣམས་པར་རིག་བྱེད་མེད་པ་ཡིད་ན་ཁམས་གསུམ་དུ་བསྡུས་པའི་མི་ཁྱབ་སྟེ། ཟག་པ་མེད་པའི་ཆོས་རྣམས་ཆོས་ཅན་རྣམ་པར་རིག་བྱེད་མིན་པ་གང་ཞིག་ཁམས་གསུམ་གང་དུའང་མ་བསྡུས་པའི་ཕྱིར་རོ།།

 

༡༠༽རྣམ་རིག་མིན་རྣམ་གསུམ་ཞེས་བྱ།།ཞེས་པའི་རྣམ་པ་གསུམ་གང་ཡིན་བྲིས་ནས་དེ་དག་སོ་སོའི་མཚན་ཇི་ལྟར་འཇོག་དགོས?

 

ཞུ་ལན། རྣམ་རིག་མིན་རྣམ་གསུམ་ཞེས་བྱ།། ཞེས་པའི་རྣམ་པ་གསུམ་པོ་འདི་གང་ཡིན་ཞེ་ན།  གཞུང་ལས། སྡོམ་དང་སྡོམ་པ་མིན་དང་གཞན།། ཞེས་གསུངས་པ་ན་བཞིན།སྡོམ་པ་དང་སྡོམ་མིན་དང་བར་མ་བཅས་གསུམ་མོ།། དེ་དག་སོ་སོའི་མཚན་ཉིད་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཤིང་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུད་སྡོམ་ཞིང་འགོག་པ་(སྡོམ་པ) གནོད་པ་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་པ་(སྡོམ་མིན)གནོད་པའམ་གནོད་པའི་གཞི་དག་ཕྱོགས་རེ་སྤོང་བའམ་ཕྱོགས་རེ་ལ་འཇུག་པ་(བར་མའོ།།

 

༡༡) སྤོང་བའི་སྡོམ་པ་ཞེས་པ་གང་ལ་ངོས་བཟུང་དགོས་ བསམ་གཏན་གྱི་སྡོམ་པ་དང་སྤོང་བའི་སྡོམ་པ་གཉིས་ལ་མུ་བཞིར་འཇོག་ཚུལ་བྲིས?

 

ཞུ་ལན། དང་པོ། སྤོང་བའི་སྡོམ་པ་ཞེས་པ་ནི །གཞུང་ལས། བར་ཆད་མེད་ལམ་སྐྱེས་དེ་གཉིས།། མི་ལྕོགས་མེད་ལ་སྤོང་ཞེས་བྱ། ཞེས་པ་ལྟར། བར་ཆད་མེད་པའི་ལམ་དགུ་དག་ཏུ་སྐྱེས་པ་བསམ་གཏན་དང་ཟག་མེད་དེ་གཉིས་མི་ལྕོགས་པ་མེད་པ་ལ་སྤོང་བའི་སྡོམ་པའོ།  གཉིས་པ་ མུ་བཞིར་འཇོག་ཚུལ་ནི། མུ་དང་པོ་ནི། མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་དང་བཅས་པའི་བསམ་གཏན་གྱི་སྡོམ་པའོ། །གཉིས་པ་ནི། མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་མེད་པའོ། །གསུམ་པ་ནི། མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཟག་པ་དང་བཅས་པའོ། །བཞི་པ་ནི། མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་རང་ཟག་པ་མེད་པའི་སྡོམ་པའོ།

 

༡༢) སྡོམ་པ་གསུམ་པོ་ཐོབ་ཚུལ་ཇི་ལྟར་ཡིན་པ་དང་དུས་ཇི་སྲིད་དུ་བླང་བར་བྱ་དགོས་པ་ཡིན?

 

 ཞུ་ལན། དང་པོ། སྡོམ་པ་གསུམ་པོ་ཐོབ་ཚུལ་ནི། གཞུང་ལས། བསམ་གཏན་སྡོམ་དང་ལྡན་པ་ནི། རྟག་ཏུ་འདས་དང་མ་འོངས་དང་། འཕགས་ནི་དང་པོ་འདས་དང་མིན།།  མཉམ་གཞག་འཕགས་ལམ་གནས་དེ་གཉིས། ད་ལྟར་དང་ལྡན། ཞེས་པ་ལྟར། བསམ་གཏན་ལས་སྐྱེས་པའི་སེམས་ཟག་པ་དང་བཅས་པ་བསམ་གཏན་གྱི་དངོས་གཞི་ས་པའམ། ཉེར་བསྡོགས་ཐོབ་པ་ཉིད་ཀྱིས་བསམ་གཏན་གྱི་སྡོམ་པ་ཐོབ་ལ། ཟག་མེད་ཀྱི་སྡོམ་པ་ནི་ཟག་མེད་འཕགས་པའི་ས་ནམ་ཐོབ་པ་དེས་ཐོབ་བོ།། སོ་སོ་ཐར་པ་ཞེས་པ་འདི་གཞན་གྱི་རྣམ་པར་རིག་པར་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན། གཞན་གྱི་རྣམ་པར་རིག་བྱེད་ལས་ཐོབ་བོ། དེ་ཡང་དགེ་སློང་ཕ་མ་དང་དགེ་སློབ་མ་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ། གཉིས་པ་ དུས་ཇི་སྲིད་དུ་ཞེ་ན། ཇི་སྲིད་འཚོའི་བར་དུ། རིས་བདུན་གྱི་དང་། ཉིན་ཞག་གཅིག་ཏུ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱའོ།

 

༡༣) སོ་ཐར་གྱི་སྡོམ་པ་གཏོང་བའི་རྒྱུ་གང་ཡིན་བཞག་ནས་ ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་འགྱུར?

 

ཞུ་ལན། མི་བརྡ་ཕྲད་པའི་དྲུང་དུ་བསླབ་གཞི་རྣམས་བསམ་པ་ཐག་པས་སླར་ཕུལ་བ་དང་། རྟེན་ཤི་འཕོས་པ་དང༌། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང༌། དགེ་བའི་རྩ་བ་ཀུན་ཏུ་ཆད་པས་སོ་སོ་ཐར་པའི་འདུལ་བ་གཞན་རྣམས་གཏོང་བ་དང༌། བསྙེན་གནས་ནི་བླངས་པའི་མཚན་མོ་འདས་ པ་ལས་གཏོང་བའོ ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་འགྱུར་ཞེ་ན། ཡང་དག་པར་བླངས་པ་དང་ འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་དང༌། རྟེན་བོར་བ་དང་། རྟེན་ཉམས་པ་དང་། གཞི་ཆད་པ་དང་། ཇི་སྲིད་དུ་འཕངས་པའི་ཕྱིར་རོ།

 

༡༤) འདོད་ཁམས་དང་བསམ་གཏན་གསུམ་པའི་བར་གྱི་ལས་དགེ་བ་ནི་བདེ་བ་མྱོང་འགྱུར་དང་ དེ་ཡན་ཆད་སྡུག་མིན་བདེ་མིན་མྱོང་འགྱུར་ཞེས་བཞག་དགོས་པའི་རྒྱུ་མཚན་ཁ་གསལ་ཞོག?

 

ཞུ་ལན། འདོད་ཁམས་དང་བསམ་གཏན་གསུམ་པའི་བར་གྱི་ལས་དགེ་བ་ནི་བདེ་བ་མྱོང་འགྱུར་ཞེས་བཞག་པ་ནི།  འདོད་ཁམས་དང་བསམ་གཏན་གསུམ་བདེ་བའི་ཚོར་བའི་ས་པ་ཡིན་པས་སོ། དེ་ཡན་ཆད་སྡུག་མིན་བདེ་མིན་མྱོང་འགྱུར་བ་སྟེ། དེ་དག་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པས་སོ།

 

༡༥) མྱོང་འགྱུར་ལྔ་གང་ཡིན་སོ་སོར་བྲིས་ནས་ ངོ་བོ་ཉིད་ཀྱི་མྱོང་འགྱུར་དང་མངོན་སུམ་མྱོང་འགྱུར་ཞེས་པ་ཇི་ལྟ་བུ་ཞིག་ཡིན?

 

ཞུ་ལན། གཞུང་ལས། ངོ་བོ་ཉིད་དང་མཚུངས་ལྡན་དང་། དམིགས་པ་དང་ནི་རྣམ་སྨིན་དང་།། མངོན་གསུམ་དུ་ནི་གྱུར་པ་ལས།། མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ།། ཞེས་པ་ལྟར། ངོ་བོ་ཉིད་ཀྱི་མྱོང་འགྱུར། མཚུངས་ལྡན་གྱི་མྱོང་འགྱུར། དམིགས་པའི་མྱོང་འགྱུར། རྣམ་སྨིན་གྱི་མྱོང་འགྱུར། མངོན་སུམ་གྱི་མྱོང་འགྱུར་རོ།  ངོ་བོ་ཉིད་ཀྱི་མྱོང་འགྱུར་ཞེས་པ་ནི། ཚོར་བ་བདེ་བ་སྡུག་བསྔལ་བཏང་སྙོམས་རྣམས་སོ། མངོན་སུམ་གྱི་མྱོང་འགྱུར་ནི་གང་གི་བདེ་སོགས་དེས་མངོན་སུམ་དུ་བྱེད་ན་ནི་དེ་མྱོང་བར་འགྱུར་ལ། དེའི་ཚེ་དེ་ལ་ཚོར་བ་གཞན་ནི་མེད་པའོ།

 

༄༅ གནས་ལྔ་པ་ཕྲ་རྒྱས་བསྟན་པའི་དྲི་ལན་བཞུགས་སོ།།

 

) སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན་ཚུལ་བྲིས་ནས་ཉོན་མོངས་པ་འཇུག་པའི་བྱ་བ་བཅུ་ཞེས་པ་གང་ཡིན་སོ་སོར་འཇོག?

 

ཞུན་ལན།  སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན་ཚུལ་ནི།  འཇིག་རྟེན་སྣ་ཚོགས་བསྐྱེད་པའི་ལས་དེདག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་གྱུར་པས་སྲིད་པ་མངོན་པར་འགྲུབ་པའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ།། ཉོན་མོངས་པ་འཇུག་པའི་བྱ་བ་བཅུ་ནི། རྩ་བ་བརྟན་པར་བྱེད་པ་དང་།  རྒྱུད་གནས་པར་དང་།  ཞིང་དུ་སྒྲུབ་པར་དང་།  རྒྱུ་མཐུན་སྒྲུབ་པར་དང།  ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་དང་།  རང་གི་ཚོགས་ཡོངས་སུ་འཛིན་པར་དང་།  དམིགས་པ་ལ་ཀུན་ཏུ་རྨོངས་པར་དང་།  རྣམ་པར་ཤེས་པའི་རྒྱུན་ཁྲིད་པར་དང་།  དགེ་བའི་ཕྱོགས་ལས་གཡོ་བར་དང་།  ཁམས་ལས་མི་འདའ་བའི་ཚུལ་གྱིས་འཆིང་བའི་དོན་དུ་ཁྱབ་པར་བྱེད་པ་དང་བཅུའོ།།   །།

 

 

) ཕྲ་རྒྱས་དྲུག་པོ་གང་ཡིན་རེ་རེ་བཞིན་བྲིས་ནས་བྱེ་སྨྲ་བས་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་པར་བཞེད་པ་ལ་མདོ་དང་མི་འགལ་བའི་ཚུལ་ཅི?

 

ཞུ་ལན།  ཕྲ་རྒྱས་དྲུག་པོ་གང་ཡིན་ཞེ་ན།  ཡུལ་ལ་ཞེན་པའི་འདོད་ཆགས་དང་།  དེ་བཞིན་དུ་ཡུལ་ལ་མི་འདོད་པས་རྒྱབ་ཀྱིས་ཕྱོགས་པ་ཁོང་ཁྲོ་དང་།  སེམས་ཁེངས་པའི་རྣམས་པ་ཅན་གྱི་ང་རྒྱལ་དང་།  མི་ཤེས་ཏེ་རྨོངས་པའི་མ་རིག་པ་དང།  དེ་དང་དེར་ལྟ་བ་དང་།   ཡིན་མིན་གྱི་ཐེ་ཚོམ་ཟ་བ་དང་དྲུག་གོ   བྱེ་སྨྲ་བ་རྣམས་ན་རེ་འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་ཏེ། ཆོས་མངོན་པ་ལས། ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་ལ་མཚན་ཉིད་པ་ཡིན་ཏེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ།  འདི་ཇི་ལྟར་ཤེས་ཞེ་ན་ཕྲ་རྒྱས་རྣམས་ནི།  ཇི་སྐད་དུ། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་།  སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་དང་།  ཞེས་གསུངས་པ་ལྟར་རོ།།    །།

 

) མདོ་སྡེ་པས་ཕྲ་རྒྱས་དང་ཀུན་དཀྲིས་ཞེས་པ་ཇི་ལྟ་བུ་ཞིག་ལ་བཞེད་པ་དང་འདི་གཉིས་རྫས་གཅིག་དང་གཞན་གང་རྒྱུ་མཚན་བཅས་ཞོག?

 

ཞུ་ལན།  མདོ་སྡེ་པས་ཕྲ་རྒྱས་དང་ཀུན་དཀྲིས་ཞེས་པ་ཇི་ལྟ་བུ་ཞིག་ལ་བཞེད་ན། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ལ། དེ་རྫསགཞན་མ་ཡིན་པའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡ་པ་མ་ཡིན་པ་ཡང་མ་ཡིན་གྱི། ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། སྲེད་པ་ལ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ།  དེ་གཉིས་པོ་རྫས་གཅིག་ཡིན་ཏེ། རྫས་གཞན་མ་ཡིན་པའི་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན། ལྡན་པ་མ་ཡིན་པ་ཡང་མ་ཡིན་པའི་ཕྱིར་དེ་གཉིས་རྫས་གཅིག་ཏུ་བཞག་དགོས་པ་ཡིན་ནོ།།    །།

 

 

ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་འཇོག་ཚུལ་ཇི་ལྟར་ཡིན་པ་དང་འདོད་པའི་ཀུན་བྱུང་དང་འགོག་པ་མཐོང་བས་སྤང་བྱ་བདུན་དུ་བཞག་དགོས་པའི་རྒྱུ་མཚན་ཁ་གསལ་འགོད?

 

ཞུ་ལན། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན། ཕྲ་རྒྱས་བཅུ་པོ་དེ་དག་ཀྱང་འདོད་ཁམས་ནང་སུམ་ཅུ་རྩ་དྲུག་དང་། གཟུགས་ཁམས་དང་གཟུགས་མེད་ཁམས་ལ་སུམ་ཅུ་རྩ་རེ་རེས་སྡོམས་ཀྱི་ཕྲ་རྒྱས་དགུ་རྩ་བརྒྱད་བཅས་དེ་ལྟ་བུའི་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ནོ།། ཀུན་བྱུང་དང་འགོག་པ་མཐོང་བས་སྤང་བྱ་བདུན་དུ་བཞག་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དམིགས་པ་བྱས་པའི་གཞི་ཉེ་ལེན་གྱི་ཕུང་པོ་ཐ་དག་སྡུག་བསྔལ་མཐོང་སྤང་གི་སྐབས་སུ་སྤང་ཟིན་པའི་ཕྱིར་བདུན་དུ་བཞག་པ་ཡིན་ནོ།།    །།

 

) འདོད་ཁམས་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་སུ་ཅུ་རྩ་གཉིས་བསྟན་པའི་གཞུང་ཚིག་ངོས་བཟུང་ནས་དེ་དག་མཐོང་སྤང་ཡིན་པའི་རྒྱུ་མཚན་དང་འདོད་པའི་སྒོམ་སྤང་ཞེས་པ་གང་དང་གང་ལ་འཇོག་དགོས?

 

ཞུ་ལན། འདོད་ཁམས་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་སུམ་ཅུ་རྩ་གཉིས་་བསྟན་པའི་གཞུང་ཚིག་ནི།  དེ་དང་བཅུ་དང་བདུད་བདུན་བརྒྱད།། ལྟ་བ་གསུམ་ནི་མ་རྟོགས་པར།།འདོད་ན་སྡུག་བསྔལ་ལ་སོགས་པ།།མཐོང་བས་རིམ་བཞིན་སྤོང་བར་བྱེད།།  ཅེས་སོ།། དེ་དག་མཐོང་སྤང་ཡིན་པའི་རྒྱུ་མཚན་ནི། སྡུག་བསྔལ་ལ་སོགས་པ་ལ་མངོན་སུམ་བདེན་པར་མཐོང་བས་ཕྱིར་མཐོང་སྤང་དང་། འདོད་པའི་སྒོམ་སྤང་ཞེས་པ་གང་དང་གངའལ་འཇོག་ཅེ་ན། འདོད་ཆགས། ཁོང་ཁྲོ། མ་རིག ང་རྒྱལ་བཅས་བཞི་ལ་འདོད་པའི་སྒོམ་སྤང་ཞེས་འཇོག་དགོས་པ་ཡིན་ནོ།།   །།

 

 

) ང་རྒྱལ་བདུན་པོ་དེ་དག་གཉེན་པོ་གང་གིས་སྤོང་བ་དང་འཕགས་པས་མ་སྤངས་ཀྱང་འདི་རྒྱུད་ལ་མངོན་དུ་མི་འགྱུར་བའི་སྒོམ་སྤང་ཡོད་མེད་རྒྱུ་མཚན་ཁ་གསལ་འཇོག?

 

ཞུ་ལན། ང་རྒྱལ་བདུན་པོ་དེ་དག་གཉེན་པོ་གང་གིས་སྤོང་བར་གྱུར་ཞེ་ན།  མཐོང་སྤངས་དང་སྒོམ་་སྤང་གཉིས་ཀྱིས་སོ།།  དེ་ཡང་། སྒོམ་པས་སྤངས་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་དང་དེ་བཞིན་དུ་མཐོང་སྤངས་ལ་ཡང་དེ་ལྟ་བུའི་སྒོ་ནས་ང་རྒྱལ་བདུན་པོ་སྤོང་བའི་གཉེན་པོ་ཞེས་འཇོག   གཞུང་ལས།མཐོང་དང་སྒོམ་པས་ཟད་བྱ་བ།། ཞེས་སོ།། འཕགས་པས་མ་སྤངས་ཀྱང་འདི་རྒྱུད་ལ་མངོན་དུ་མི་འགྱུར་བའི་སྒོམ་སྤང་ཡོད་དེ། འཕགས་པའི་རྒྱུད་ལ་ལྟ་བའི་རྣམ་པ་སོགས་དང་བྲལ་བའི་ཕྱིར་རོ།།   །།

 

) ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་ཀུན་འགྲོ་ཡིན་པ་དང་ཀུན་འགྲོ་མ་ཡིན་པ་སོ་སོར་བཞག་ནས་ཕྲ་རྒྱས་ཁོ་ན་ཀུན་ཏུ་འགྲོ་བ་ཡིན་མིན་རྒྱུ་མཚན་བཅས་བྲིས?

 

ཞུ་ལན།  ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་ཀུན་འགྲོ་ཡིན་པ་དུ་ཞེ་ན། བཅུ་གཅིག་ཡོད་དེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་གཉིས་ཏེ་བདུན་དང་། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཐེ་ཚོམ་གཉིས་ཏེ་དགུ་དང་། ཀུན་འབྱུང་གི་མ་འདྲེས་པའི་མ་རིག་པ་དང་སྡུག་བསྔལ་གྱི་མཚུངས་པར་ལྡན་པའི་མ་རིག་པ་གཉིས་ཏེ་བཅུ་གཅིག་དེ་དག་ཀུན་འགྲོ་ཡིན་ནོ།།  རྩ་བར། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ།། ལྟ་དང་དེ་བཞིན་ཐེ་ཚོམ་དང་།།གང་དེ་ལྷན་ཅིག་མ་འདྲེས་པའི།།མ་རིག་གང་ཡིན་ཀུན་ཏུ་འགྲོ།།  ཞེས་སོ།།  དེ་བཞིན་ཀུན་འགྲོ་མ་ཡིན་པ་དགུ་ཡོད་དེ། ཀུན་འགྲོ་བཅུ་གཅིག་པོ་དེ་དག་ལས་འཇིག་ལྟ་དང་མཐར་ལྟ་གཉིས་པོ་མ་གཏོགས་གཞན་ལྷག་མ་རྣམས་ཡིན་ནོ།།  རྩ་་བར།  དེ་དག་ལས་དགུ་གོང་དུ་དམིགས།། ལྟ་བ་གཉིས་པོ་མ་གཏོགས་སོ།།  ཞེས་གསུངས་པ་ལྟ་བུའོ།།  ཕྲ་རྒྱས་ཁོ་ན་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། ཕྲ་རྒྱས་དེ་དག་ནི་ལྷན་ཅིག་ཏུ་ཆོས་གང་འབྱུང་བ་མཚུངས་ལྡན་གྱི་སེམས་སམེས་འབྱུང་དང་། མཚུངས་ལྡན་མ་ཡིན་པའི་མཚན་ཉིད་སྐྱེ་གནས་རྒ་འཇིག་དེའང་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་ཕྲ་རྒྱས་ཁོ་ན་ཀུན་འགྲོ་མ་ཡིན་ནོ།།  རྩ་བར། དེ་དག་དང་ནི་ལྷན་ཅིག་དང་།།  འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས།།   ཞེས་སོ།།

 

) ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལ་ཟག་བཅས་ལ་དམིགས་པ་དང་ཟག་མེད་ལ་དམིགས་པ་དུ་ཡོད་སོ་སོར་བྲིས?                 

 ལནཿ ་་་་་་་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་དང་པོ་ཟག་མེད་ལ་དམིགས་པ་འགོག་པ་མཐོང་བས་སྤང་བྱ་གསུམ་པོ་ལོག་ལྟ་ཐེ་ཚོམ་དེ་དག་མཚུངས་ལྡན་མ་འདྲེས་པའི་མ་རིག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་གསུམ་དེ་དག་དྲུག་དང་གཞན་ཕྲ་རྒྱས་ལྷག་མ་རྣམས་ནི་ཟག་བཅས་ལ་དམིགས་པའོ།།   

                                   

 ) ཕྲ་རྒྱས་རྣམས་དམིགས་པས་རྒྱས་འགྱུར་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་འགྱུར་གང་ཡུན་མ་འདྲེས་པར་པར་འཇོག?

 

ལནཿ་་་་་ཕྲ་རྒྱས་ཀུན་ཏུ་འགྲོ་བར་བཞགས་པ་དེ་རྣམས་ནི་དམིགས་པའི་སྒོ་ནས་རང་རང་གི་ས་པ་ལ་རྣམ་པ་ལྔ་པོ་ཐམས་ཅད་དུ་ནི་རྒྱས་པར་འགྱུར་རོ།  །ཀུན་འགྲོ་མ་ཡིན་པ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་ས་རང་གི་རིས་ཁོ་ན་ལ་རྒྱས་པར་འགྱུར་རོ།།  ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་པར་ལྡན་པའི་སྒོ་ནས་ཇི་སྲིད་དམིགས་པ་མ་སྤངས་པ་དེ་སྲིད་དུ་མཚུངས་ལྡན་རྒྱས་པར་འགྱུར་རོ།། 

 

༡༠) དམིགས་པས་སྒོ་ནས་རྒྱས་པར་མི་འགྱུར་བར་ཁོ་ན་ཡིན་པའི་ཕྲ་རྒྱས་རྣམས་གང་ཡིན་བཞགས་ནས་མ་རྒྱས་པའི་རྒྱུ་མཚན་ཞོ?                                                

 ལནཿ་་་ཟག་མེད་ལ་དམིགས་པས་ཕྲ་རྒྱས་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བ་ཁོ་ན་ཡིན་ལ་། །ས་གོང་མ་ལ་དམིགས་པའི་ཡུལ་ཅན་རྣམས་ཀྱང་མིན་ནོ །རྒྱུ་མཚན་ཅིའི་ཕྱིར་དེ་དག་གི་དམིགས་པའི་དངོས་པོ་ནི་བདག་གིར་མ་བྱས་པ་དང་ཁམས་གསུམ་གྱི་གཉེན་པོ་ཡིན་ཕྱིར་རོ།།

                   

 

༡༡) རང་གི་མཚན་ཉིད་པའི་ཉོན་མོངས་དང་ཉོན་མོངས་པ་སྤྱི་ཞེས་པ་གང་ལ་ངེས་བཟུང་དགོས་པ་དང་ཕྲ་རྒྱས་དངོས་པོ་དེ་དང་ལྡན་ཞེས་པའི་གོ་དོན་བྲིས?                            

 

ལནཿ་་་་་འདིར་འདོད་ཆགས་ཁོང་ཁྲོ་ང་རྒྱལ་རྣམས་ལ་རང་གི་མཚན་ཉིད་ཀྱིས་ཉོན་མོངས་པ་དང་ལྟ་བ་ཐེ་ཚོམ་མ་རིག་པ་ལ་ཉོན་མོངས་པ་སྤྱི་པ་ཞེས་གཞག་གོ། །འདོད་ཆགས་ཁོང་ཁྲོ་དང་ང་རྒྱལ་གཞན་དག་གིས་ནི་རང་དུས་དང་དེ་དག་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན།  །ལྷག་མ་གཞན་ལྟ་བ་ཐེ་ཚོམ་དག་མ་རིག་པ་པ་རྣམས་ཏེ་ཉོན་མོངས་པ་སྤྱི་པ་ཡིན་པའི་ཕྱིར་ཀུན་ཏེ་དུས་གསུམ་པ་ཀུན་གྱི་དངོས་པོ་དང་ལྡན་ནོ།། 

 

༡༢ དུས་གསུམ་ཐམས་ཅད་ཡོད་པར་སྨྲ་བར་འདོད་པའི་ལུགས་ལ་དུས་རྣམས་རྣམ་པར་གཞག་ཚུལ་ཇི་ལྟར་ཡོད་པ་དང་གསུམ་པ་བཟང་སྟེ་ཞེས་པའི་རྒྱུ་མཚན་ཁ་གསལ་དགོས?      

 

ལནཿ་་་འབྲས་ཕྱིར་ཏེ་གལ་ཏེ་འདས་པ་ཞིག་མེད་ན་ཚེ་ཕྱི་མ་ལ་ལས་དགེ་མི་དགེ་བའི་འབྲས་བུ་ཇི་ལྟར་འགྱུ་ཏེ། །འབྲས་བུ་མི་བསྐྱེད་པའི་ཚེ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྒྱུ་མེད་དོ། ་དེ་ལྟ་བས་ན་འདས་པ་མ་འོངས་པ་ཡོད་པ་ཁོ་ནའོ་ཟེར། །དེས་འདས་མ་འོངས་ད་ལྟ་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བས་ཕྱིར་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བར་འདོད་དོ།། །གསུམ་པ་དབྱིག་བཤེས་ཀྱིས་བཟངསྟེ་བྱ་བ་ཡུས་དུས་རྣམས་རྣམ་པར་གཞག་པས་དེ་ཡང་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་མ་འོངས་པ་ཡིན་བྱེད་པ་དེའི་ཚེ་ད་ལྟ་བྱུང་བ་དང་བྱས་ནས་འགགས་པ་དེའི་ཚེ་འདས་ཡིན་ནོ།། 

 

༡༣) མཐོང་སྤངས་དང་པོ་གཉིས་དང་སྒོམ་སྤང་ལ་སེམས་གང་གི་དམིགས་པ་ཡིན་ཁམས་གསུམ་སོ་སོར་མ་འདྲེས་པརའཇོག?    

 

 ལནཿ་་་་་་མཐོང་སྤངས་དང་སྒོམ་སྤང་ལ་སེམས་ཀྱང་བཅུ་དྲུག་གི་དམུགས་པའོ། འདོད་ཁམས་ལས་སྐྱེས་པ་ནི་སེམས་ལྔའི་དམིགས་པ་ཡིད་ཏེ་རང་གི་ཁམས་པ་།དྲི་མེད་ཟག་པ་མེད་པའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ལམ་དམིགས་པ་ཡུན་ནོ། །ཆོས་རྣམ་པསགསུམ་པོ་དེ་དག་ཉིད་གཟུགས་ཁམས་ལས་སྐྱེས་པ་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། །རང་གི་ཁམས་པ་གསུམ་དང་འོག་མ་གསུམ་གོང་མ་གཅིག་དྲི་མེད་ཀྱིའོ། ཆོས་རྣམ་པ་གསུམ་གཟུགས་མེད་ལས་སྐྱེས་པ་ནི་སེམས་བཅུའི་དམིགས་པ་ཡིན་ཏེ་ཁམས་གསུམ་དེ་གཏོགས་པ་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ།།                                                                   

 

 

 

 ༡༤) སྟོན་པས་ཐ་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔས་གསུངས་པ་དེ་དག་གང་ཡིན་སོ་སོར་བཞག་ནས་ཐ་མའི་ཆ་ཞེས་པ་གང་ལ་ངེས་བཟུང་དགོས?                            

  ལནཿ་་་་་་སྟོན་པས་ཐ་མའི་ཆ་དང་མཐུན་པའི་ཀུད་སྦྱོར་ལྔ་གསུངས་ཏེ་འཇིག་ལྟ་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན། །ཐེ་ཚོམ་འདོད་པས་འདུན་པ་དང་གནོད་སེམས་བཅས་པའོ།  །ཐ་མའི་ཆ་ཞེས་པ་ནི་འདོད་པའི་ཁམས་ཡིན་ལ་འདི་དག་ཀྱང་དེའི་རྗེས་སུ་མཐུན་པས་ཕྱིརརོ།།     

 

༡༥ཉོན་མོངས་ཐམས་ཅད་སྒྲིབ་པ་ཡིན་ན་ཡང་སྒྲིབ་པ་ལྔ་ངེས་པའི་རྒྱུ་མཚན་ཅི་ཡིན་བྲིས་ནས་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་གང་ཡིན?                                   

 

ལནཿ་་་་རྒྱུ་མཚན་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་གཅིག་པུ་ལ་གནོད་པར་བྱེད་པ་དང་།  །རྒོད་འགྱོད་ཏིང་ངེ་འཛིན་གྱི་དང་།  །ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་དག་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་ལྔ་ཉིད་དུ་བཤད་དོ།། གོང་མ་ནི་གཟུགས་དང་གཟུགས་མེད་དེ་ལས་སྐྱེས་པའི་འདོད་ཆགས་གཉིས་དང་རྒོད་པ་དང་ང་རྒྱལ། །རྨོངས་པ་དེ་དག་མ་སྤངས་པར་གོང་མ་ལས་མི་འདའ་བའི་ཕྱིར་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔའོ།།      

 

གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་དྲི་ལན་བཞུགས་སོ།།)

 

 ) བདེན་བཞི་སོ་སོའི་མཚན་ཉིད་དང་དེ་དག་རྫས་ཀྱི་སྒོ་ནས་ཁྱད་པར་ཡོད་མེད་ཁ་གསལ་བྲིས་ནས་འཇིག་རྟེན་འདི་ཅི་རིགས་པ་སྡུག་བསྔལ་ཡིན་པའི་ཚུལ་འཇོག?

  

ཞུ་ལན། དང་པོ་བདེན་གཞི་སོ་སོའི་མཚན་ཉིད་ནི།

བདེན་པ་བཞིའི་མཚན་ཉིད་རིམ་བཞིན།

༡༽སྡུག་བསྔལ་བདེན་པ།   རང་རྒྱུ་ལས་ཉོན་གང་རུང་གི་འབྲས་བུར་གྱུར་པའི་འཁོར་བས་བསྡུས་པའི་ཕུང་པོ།

༢༽ཀུན་འབྱུང་བདེན་པ། རང་འབྲས་སྡུག་བདེན་གྱི་རྒྱུའི་རིགས་སུ་གནས་པའི་ལས་ཉོན་གང་རུང་གིས་བསྡུས་པའི་ཟག་བཅས།

༣༽འགོག་བདེན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རང་གི་ངོས་སྐལ་གྱི་སྤང་བྱ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བཏགས་འགོག

༤༽ལམ་བདེན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ།

གཉིས་པ་རྫས་ཀྱི་སྒོ་ནས་ཁྱད་པར་ནི། དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། རྒྱུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ་ཀུན་འབྱུང་བའི་ཕྱིར་རོ། དེ་བས་ན་འདི་གཉིས་རྒྱུ་དང་འབྲས་བུར་ཕྱེ་བས་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི་རྫས་སུ་ནི་མ་ཡིན་ནོ། འགོག་པ་དང་ལམ་གཉིས་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ། གསུམ་པ། འཇིག་རྟེན་འདི་ཅི་རིགས་པ་སྡུག་བསྔལ་ཡིན་པའི་ཚུལ་ནི།  འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཏེ། ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེ་གཉིས་ལས་གཞན་པའི་ཟག་བཅས་རྣམས་ནིའདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་པས། གསུམ་ལྡན་པའི་ཕྱིར་འཇིག་རྟེན་འདི་ཅི་རིགས་པའམ་མ་ལུས་པ་སྡུག་བསྔལ་ལོ་ཞེས་བཤད་དོ།།

 ) བདེན་པ་རྣམས་མཐོང་བར་འདོད་པའི་འཇུག་པའི་སྣོད་ལྡན་གྱི་གང་ཟག་ཞེས་པ་ཇི་ལྟ་བུ་ཞིག་ཡིན་པ་དང་སྒོམ་པས་བརྩོན་པ་ཇི་ཙམ་གྱིས་རྫོགས་པ་ཡིན་ཁ་གསལ་དགོད?

 

ཞུ་ལན། དང་པོ། དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཞུང་ལས། ཚུལ་གནས་ཐོས་དང་བསམ་གཏན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ལྟར། བདེན་པ་རྣམས་མཐོང་བར་འདོད་པས་ནི་དང་པོ་ཚུལ་ཁྲིམས་ལ་གནས་པར་བྱེད་དོ། དེའི་འོག་ཏུ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པའམ་དོན་ཉན་པར་བྱེད་པ་དང་། ཐོས་ནས་ཕྱིན་ཅི་མ་ལོག་པར་བསམ་པ་དང་ལྡན་པར་བྱེད་དོ། བསམ་ནས་ཏིང་ངེ་འཛིན་སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་བྱེད་དོ། དེ་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་སྐྱེ། བསམ་བྱུང་ལ་བརྟེན་ནས་སྒོམ་བྱུང་གི་ཤེས་རབ་སྐྱེ་བས་སོ། ཞེས་གསུངས་པ་ལྟ་བུ་ལགས་སོ། གཉིས་པ། སྒོམ་པས་བརྩོན་པ་ཇི་ཙམ་གྱིས་རྫོགས་པ་ཡིན་ཞེ་ན། འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་བ། ལུས་དང་སེམས་གཉིས་དག་ཏུ་ལྡན་པ་ཡིན་ན་རྫོགས་པ་ཡིན་ནོ།།

 

 ) འཇུག་པའི་སྒོ་གཉིས་གང་ཡིན་བཞག་ནས་དེ་དག་གཉེན་པོར་གྱུར་ཚུལ་ཇི་ལྟར་ཡིན?

 

ཞུ་ལན། དང་པོ། འཇུག་པའི་སྒོ་གཉིས་ནི། མི་སྡུག་པ་སྒོམ་པས་འཇུག་པ་དང་། དབུགས་བརྔུབ་དབུགས་དབྱུང་བ་དྲན་པ་ཡི་འཇུག་པ་གཉིས་སོ། གཉིས་པ། དེ་དག་གཉེན་པོར་གྱུར་ཚུལ་ནི། གང་ཞིག་རྣམ་པར་རྟོག་པ་སྤྱད་པ་དེ་ནི་དབུགས་རྔུབ་པ་དང་དབྱུང་བ་དྲན་པས་འཇུག་གོ་ཞེས་འབྱུང་བས་སོ།། །།

 

) འཕགས་པའི་ལམ་ངོས་བཟུང་ནས་དམིགས་པའི་མངོན་པར་རྟོགས་པ་ཞེས་པ་ཇི་ལྟར་གསུངས་ཡོད?

 

ཞུ་ལན། དང་པོ། འཕགས་པའི་ལམ་ནི། གཞུང་ལས། འཇིག་རྟེན་པ་ཡི་ཆོས་མཆོག་ལས།། ཆོས་ཀྱི་བཟོད་པ་ཟག་པ་མེད།། ཅེས་པ་ལྟར། འཇིག་རྟེན་པའི་ཆོས་མཆོག་གི་མཇུག་ཐོགས་ལས་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། དེའི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཡིན་ཏེ། དེས་དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བཞག་གོ། གཉིས་པ། དམིགས་པའི་མངོན་པར་རྟོགས་པ་ཞེས་པ་ནི། ཟག་པ་མེད་པའི་ཤེས་རབ་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་མངོན་པར་རྟོགས་པའོ། ཞེས་གསུངས་སོ།། །།

 

) བཟོད་ཤེས་གཉིས་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ཞེས་བཏགས་པའི་རྒྱུ་མཚན་དཔེ་དང་བཅས་འགོད་ནས་སེམས་སྐད་ཅིག་བཅུ་དྲུག་པ་ལ་སྒོམ་པའི་ལམ་ཁོ་ན་ཡིན་ཞེས་པའི་རྒྱུ་མཚན་ཅི?

 

ཞུ་ལན། དང་པོ། བཟོད་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་རྣམ་པར་གཅོད་པ་ལ་བར་ཆད་བྱ་བར་མི་ནུས་པའི་ཕྱིར་བར་ཆད་མེད་པའི་ལམ་དག་དང་། ཤེས་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བ་རྣམས་ལ་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དག་ཡིན་ནོ། དཔེར་ན། དེ་གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཅོད་པ་བཞིན་དུ་བྱས་སོ། གཉིས་པ། སེམས་སྐད་ཅིག་བཅུ་དྲུག་པ་ལ་སྒོམ་པའི་ལམ་ཁོ་ན་ཡིན་ཞེས་པའི་རྒྱུ་མཚན་ནི། མཐོང་བ་རྫོགས་པའི་ཕྱིར་དང་། བཅུ་དྲུག་པ་ལ་ནི་སྔོན་མ་མཐོང་བ་བལྟ་བར་བྱ་བ་མེད་ཀྱི་ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་སྒོམ་ལམ་ཁོ་ན་ཡིན་ནོ།། །།

 

) དེར་བགྲོད་པའི་གང་ཟག་བཤད་སྐབས་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་པ་གང་ལ་ངོས་བཟུང་དགོས་རང་གཞུང་ལྟར་བྲིས?

 

ཞུ་ལན། གཞུང་ལས། མཐོང་ལམ་གྱི་རང་བཞིན་སྐད་ཅིག་མ་བཅོ་ལྔ་བཤད་པ་གང་ཡིན་པ་དེ་ལ་དབང་པོ་བརྟུལ་པོ་དེ་དག་ཏུ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱ་སྟེ། སྔོན་གཞན་གྱི་དྲིན་གྱིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་དང་། དབང་པོ་རྣོན་པོ་གནས་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པའི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ།། །།

 

) ཆགས་བྲལ་སྔོན་སོང་གི་ཚད་བཞག་ནས་འཇིག་རྟེན་པའི་ལམ་གྱིས་དགྲ་བཅོམ་པ་ཉིད་ཐོབ་པར་མི་ནུས་པའི་རྒྱུ་མཚན་ཞོག?

 

ཞུ་ལན། དང་པོ། ཆགས་བྲལ་སྔོན་སོང་གི་ཚད་ནི། འདོད་ཉོན་སྐོར་དགུ་པོ་ཐམས་ཅད་སྤང་ཟིན་པ། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་གནས་པ། ཁམས་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་འདོད་ཆགས་དང་བྲལ་བའི་གང་ཟག་ཞིག་ལ་ཕྱིར་མི་འོང་འབྲས་གནས་སམ་ཆགས་བྲལ་སྔོན་སོང་ཞེས་བཞག་པ་ཡིན་ནོ། གཉིས་པ། འཇིག་རྟེན་པའི་ལམ་གྱིས་དགྲ་བཅོམ་པ་ཉིད་ཐོབ་པར་མི་ནུས་པའི་རྒྱུ་མཚན་ནི། དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་ཏེ། མཐོང་བའི་ལམ་གྱི་སྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ།། །།

 

) འབྲས་བུ་ཁྱད་པར་ཅན་གྱི་ལམ་མཚན་གཞི་དང་བཅས་པ་ངོས་བཟུང་ནས་བྱེ་སྨྲ་བས་སྲིད་པ་ལན་བདུན་པ་ཞེས་པ་ཇི་ལྟར་འཇོག?

 

ཞུ་ལན། དང་པོ། འབྲས་བུ་ཁྱད་པར་ཅན་གྱི་ལམ་མཚན་གཞི་དང་བཅས་པ་ངོས་བཟུང་ན། གང་ཟག་གང་ཞིག་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ལ། ས་འོག་མ་ལ་བརྟེན་ཏེ་ངེས་པར་འཇུག་པ་དེ་ནི་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་པ་ཞེས་བྱའོ། གཉིས་པ། བྱེ་སྨྲ་བས་སྲིད་པ་ལན་བདུན་འཇོག་ཚུལ་ནི། དེ་ནི་དེ་ལས་གཞན་པ་སྐྱེ་བའི་སྲིད་པ་བདུན་དང་། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བ་བྱེད་དེ། དེ་ལྟར་ན་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བ་བྱེ་དོ། སྲིད་པ་བདུན་ཚན་དུ་འདྲ་བའི་ཕྱིར་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་དང་། ཤིང་འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཟེར་རོ།། །།

 

༡༠) ཕྱིར་མི་འོང་རྣམ་པ་ལྔ་བྲིས་ནས་འཕགས་པ་རྣམས་ཚངས་ཆེན་དུ་མི་སྐྱེ་བའི་རྒྱུ་མཚན་ཅི?

 

ཞུ་ལན། ཕྱིར་མི་འོང་རྣམ་པ་ལྔ་ནི། སྲིད་པ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱང་ངན་ལས་འདའ་བ་དང་། ལམ་ལ་མངོན་པར་འདུ་བྱེད་པས་ཡོངས་སུ་འདའ་བ་དང་། ལམ་ངང་གིས་འབྱུང་བ་་འདུ་བྱེད་མེད་པས་ཡོངས་སུ་མྱང་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་རྣམས་གཅིག་ཏུ་བགྲངས་པས་ལྔའོ། གཉིས་པ། འཕགས་པ་རྣམས་ཚངས་ཆེན་དུ་མི་སྐྱེ་བའི་རྒྱུ་མཚན་ནི།   འཕགས་པ་ནི་ཚངས་ཆེན་པ་དག་གི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་དང་། གཙོ་གཅིག་ཏུ་ཟད་པའི་ཕྱིར་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི་གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། ཞེས་སོ།། །།

 

༡༡) སྐྱེ་བུ་དམ་པའི་འགྲོ་བ་བདུན་རེ་རེ་བཞིན་བྲིས་ནས་དེ་དག་ལ་སྐྱེ་བུ་དམ་པའི་འགྲོ་བ་ཞེས་བཏགས་པའི་རྒྱུ་མཚན་གང་?

 

 ཞུ་ལན། སྐྱེ་བུ་དམ་པའི་འགྲོ་བ་བདུན་ནི། བར་མ་དོ། སྐྱེས་ནས་འདའ་བ། གོང་དུ་འཕོ་བ་རྣམས་ལ་ཡང་རྣམ་པ་གསུམ་དུ་ཕྱེ་ནས་ཏེ། རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ལ། དཔེ་གསུམ་གྱི་མྱུར་བ་འདའ་བ་དང་། མྱུར་བ་མ་ཡིན་པ་འདའ་བ་དང་། ཡུན་རིང་མོ་ཞིག་ནས་ཡོངས་སུ་འདའ་བ་དང་བཅས་གསུམ་དང་། སྐྱེས་ནས་འདའ་བ་དེ་ལ། སྐྱེ་གནས་དང་། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བ་གསུམ་དང་བཅས་རྣམ་པ་དྲུག་དང་།  གོང་དུ་འཕོ་བ་ལ་མ་ཕྱེ་བར་གཅིག་དང་བཅས་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཡིན་ནོ་ལ། གཉིས་པ། སྐྱེ་བུ་དམ་པའི་འགྲོ་བ་ཞེས་བཏགས་པའི་རྒྱུ་མཚན་ནི། དེ་ནི་ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང་། དམ་པ་མ་ཡིན་པ་མི་དགེ་བ་ལ་མི་འཇུག་པ་དང་། འགྲོ་བ་འདི་དག་ཏུ་སོན་པ་རྣམས་ལ་ཡང་ཕྱིར་མི་འོང་བ་མེད་པ་ཡིན་ལ་ཇི་སྐད་དུ་བཤད་པ་འདི་དག་གཞན་ལ་ནི་མེད་པས་དེའི་ཕྱིར་རོ།། །།

 

 ༡༢) འདོད་པ་ཚེ་ཡོངས་གྱུར་དང་གཟུགས་ཁམས་ཀྱི་ཚེ་ཡོངས་གྱུར་གྱི་འཕགས་པའི་ཁྱད་པར་ཇི་ལྟར་འཇོག?

 

ཞུ་ལན། དེ་གཉིས་ཀྱི་ཁྱད་པར་ནི། དང་པོ། འདོད་པ་ཚེ་ཡོངས་གྱུར་གྱི་འཕགས་པ་ནི། ཁམས་གཞན་དུ་འགྲོ་བ་མེད་དེ། ཚེ་འདི་ཉིད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། གཉིས་པ། གཟུགས་ཁམས་ཀྱི་ཚེ་ཡོངས་གྱུར་གྱི་འཕགས་པ་ནི། གཟུགས་མེད་པའི་ཁམས་དག་ཏུ་ཡང་འཇུག་སྟེ། གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་འགྲོ་བ་གང་ཡིན་པའོ།།

 

༡༣) བསམ་གཏན་སྤེལ་ནས་སྒོམ་པར་བྱེད་པའི་དགོས་པ་དང་བྱེ་སྨྲ་བས་བསམ་གཏན་སྤེལ་ཁྱེར་ཇི་ལྟ་བུ་ཞིག་ཡིན?

 

ཞུ་ལན། དང་པོ། བསམ་གཏན་སྤེལ་ནས་སྒོམ་པར་བྱེད་པའི་དགོས་པ་ནི། རྒྱུ་གསུམ་གྱིས་བསམ་གཏན་སྤེལ་བར་བྱེད་དེ། ཕྱིར་མི་འོང་དབང་རྣོན་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། དབང་རྟུལ་རྣམས་ནི་ཉོན་མོངས་པས་ནི་འཇིགས་པའི་ཕྱིར་ཡང་སྟེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིང་བའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། གཉིས་པ། བྱེ་སྨྲ་བས་བསམ་གཏན་སྤེལ་ཁྱེར་ཅི་ལྟ་བུ་ཞེ་ན། དགྲ་བཅོམ་པའམ་ཕྱིར་མི་འོང་བ་ཡང་རུང་། གང་གི་ཚེ་སྐད་ཅིག་མ་གཉིས་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་། སྐད་ཅིག་མ་གཉིས་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་ལ་ ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་གོ། ཞེས་གྲག་སྟེ་འདི་ནི་སྤེལ་བའི་སྦྱོར་བའོ།། །།

 

༡༤) དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཞེས་པའི་ཚད་བྲིས་ནས་སྒོམ་ལམ་གཉིས་འདོད་ཆགས་དང་བྲལ་ཚུལ་ཞོག?

 

ཞུ་ལན། དང་པོ། དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཞེས་པའི་ཚད་ནི།  གཞུང་ལས། སྲིད་རྩེའི་བར་ཆ་བརྒྱད་ཟད་པ།། དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན།། ཞེས་པ་ལྟར་རོ། གཉིས་པ། སྒོམ་ལམ་གཉིས་འདོད་ཆགས་དང་བྲལ་ཚུལ་ནི། འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྲིད་རྩེ་ལས་འདོད་ཆགས་དང་བྲལ་་བ་ཡིན་པ་དང་། འཇིག་རྟེན་ཟག་བཅས་པའི་སྒོམ་ལམ་གྱི་ནི་འདོད་ཁམས་ལས་འདོད་ཆ་དང་བྲལ་བ་ཙམ་ཡིན་ནོ།

 

༡༥) དགེ་སྦྱོང་གི་ཚུལ་དང་འདིའི་འབྲས་བུ་མ་འདྲེས་པར་བཞག་ནས་ཁམས་གང་དུ་དགེ་སྦྱོང་གི་ཚུལ་དུ་ཞིག་ཐོབ་པ་ཡོད?

 

ཞུ་ལན། དང་པོ། དགེ་སྦྱོང་གི་ཚུལ་ནི། གཞུང་ལས། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ།། ཞེས་པ་ལྟར། དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་ཡིན་ནོ། དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱེད་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་བས་སོ།དེའི་འབྲས་བུ་ནི། གཞུང་ལས། འབྲས་བུ་འདུས་བྱས་འདུས་མ་བྱས།། ཞེས་པ་ལྟར། འབྲས་བུ་འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ནོ། དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་གི་ཚུལ་ཡིན་ནོ། རྣམ་གྲོལ་ལམ་རྣམས་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་ཏེ། དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ།  ཉོན་མོངས་པ་དེ་དག་གི་སྤངས་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་མ་བྱས་ཡིན་ནོ།  གཉིས་པ། ཁམས་གང་དུ་དགེ་སྦྱོང་གི་ཚུལ་དུ་ཞིག་ཐོབ་ཅེ་ན། འདོད་པར་གསུམ་ཐོབ། གསུམ་ནི་འདོད་པའི་ཁམས་ཁོ་ན་ཐོབ་ཀྱི་གཞན་དུ་ནི་མ་ཡིན་ནོ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐ་མ་ནིདགྲ་བཅོམ་པ་ཉིད་དེ། དེ་ནི་ཁམས་གསུམ་དུ་ཐོབ་བོ།། །།

 

༼གནས་བདུན་པ་དང་བརྒྱད་པའི་དྲི་བ༽

 

༡༽ བཟོད་པ་ཤེས་པ་ཡང་དག་པའི་ལྟ་བ་ ཡང་དག་པའི་ཤེས་པ་ཞེས་འབྱུང་བ་བཞིའི་གོ་དོན་མ་འདྲེས་པར་བྲིས?

 བཟོད་པ་ ཤེས་པ་ ཡང་དག་པའི་ལྟ་བ་ ཡང་དག་པའི་ཤེས་པ་ཞེས་འབྱུང་བ་བཞིའི་གོ་དོན་མ་འདྲེས་པར་བྲིས?

) བཟོད་པའི་ངོ་བོ་ནི། བར་ཆད་མེད་པའི་ལམ་གང་ཞིག་དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་དང་བཅས་པ་ཞིག་ལ་ངོས་བཟུང་དགོས།

) ཤེས་པའི་ངོ་བོ་ནི། རང་གི་སྤང་བྱ་ཕྲ་རྒྱས་ཐེ་ཚོམ་དང་བཅས་པ་སྤང་བའམ་རང་གི་ཡུལ་ངེས་པའི་བདག་ཉིད་ལ་བཞག་པ་ཡིན། 

) ཡང་དག་པའི་ལྟ་བ་ནི། ཡང་དག་པར་རྟོག་པའི་བདག་ཉིད་མམ་ཡོངས་སུ་འཚོལ་བའི་བསམ་པ་ཅན་ལ་འཇོག་གོ།

ཡང་དག་པའི་ཤེས་པའི་ངོ་བོ་ནི།། ཟད་པ་དང་མི་སྐྱེ་བའི་ཤེས་པའམ་བློ་ལ་བཞག་པ་ཡིན།

 

༢༽བཟོད་པ་རྣམ་ཤེས་པ་མིན་པ་དང་ལྟ་བ་ཡིན་པའི་རྒྱུ་མཚན་དང་ ཟད་པ་དང་མི་སྐྱེ་བའི་ཤེས་པ་ལྟ་བ་ཡིན་མིན་རྒྱུ་མཚན་བཅས་ཞོག?

 

ཞུ་ལན། དང་པོ། བཟོད་པ་ཡིན་ལ་ཤེས་པ་མིན་པ་ནས་ལྟ་བ་མ་་ཡིན་པའི་བར་ཡོད་དམ་ཞེ་ན། ཡོད་དེ། དྲི་མ་མེད་པའི་བཟོད་པ་རྣམས་ཤེས་པ་མིན་ཏེ། དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཡང་དག་པའི་ལྟ་བ་དག་ཡིན་ནོ། ཞེས་སོ། གཉིས་པ། ཟད་པ་དང་མི་སྐྱེ་བའི་ཤེས་པ་ལྟ་བ་ཡིན་མིན་རྒྱུ་མཚན་ནི། ཟད་པ་དང་མི་སྐྱེ་བའི་ཤེས་པའམ་བློ་ནི་ཡང་དག་པའི་རྟོག་པ་མེད་པ་དང༌། ཡོངས་སུ་འཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ལྟ་བ་མིན་ནོ།

 

 

 

༣༽ཤེས་པ་བཅུ་རེ་རེ་བཞིན་བྲིས་ནས་ཅིའི་ཕྱིར་དེ་དག་བཅུ་ཁོ་ན་ངེས་དགོས་པ་ཡིན?

 

ཞུ་ལན། དང་པོ་ཤེས་པ་བཅུ་ཡིན་ནི། ཆོས་ཤེས་པ། རྗེས་སུ་ཤེས་པ། ཀུན་རྫོ་བ་ཤེས་པ། ཕ་རོལ་གྱི་སེམས་ཤེས་པ། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས པ༑ འགོག་པ་ཤེས་པ། ལམ་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པའོ།གཉིས་པ། ཅིའི་ཕྱིར་དེ་དག་བཅུ་ཁོ་ན་ངེས་དགོས་པ་ཡིན་ཞེ་ན།  རྒྱུ་བདུན་གྱིས་ཏེ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་སྟེ། དོན་དམ་པ་མི་ཤེས་པའི་ཕྱིར་རོ།  གཉེན་པོ་ལས་ནི་ཆོས་རྗེས་ཏེ། འདོད་པའི་ཁམས་དང་ཁམས་གོང་གི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་སྡུག་ཀུན་ཏེ། དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་རྣམ་པའི་སྤྱོད་ཡུལ་དམིགས་པ་ལས་ནི་འགོག་ལམ་སྟེ། རྣམ་དམིགས་ཐ་དད་པའི་ཕྱིར་དང་། སྦྱོར་བ་ལས་ནི་ཕ་རོལ་པོའི་སེམས་ཤེས་པ་སྟེ། དེ་ནི་སེམས་ལས་བྱུང་བ་རྣམས་ཀྱང་ཤེས་མོད་ཀྱི། སེམས་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་བྱས་པ་ལས་འགྲུབ་པའི་ཕྱིར་དང་། བྱ་བ་བྱས་པ་ཉིད་ལས་ནི་ཟད་པ་ཤེས་པ་སྟེ། བྱ་བ་བྱས་པའི་རྒྱུད་ལ་དང་པོ་ཉིད་དུ་སྐྱེ་བའི་ཕྱིར་དང་། རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་པ་མེད་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ ཕྱིར་རོ།།

 

༤༽ཤེས་པ་བཅུའི་སེམས་རྟེན་དང་ལུས་རྟེན་སོ་སོར་མ་འདྲེས་པར་འཇོག?

 

ཞུ་ལན། དང་པོ་ཀུན་རྫོབ་ཤེས་པ་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ས་རྣམས་ཐམས་ཅད་ན་ཡོད། བསམ་གཏན་བཞི་མི་ལྕོགས་མེད་བསམ་གཏན་ཁྱད་པར་ཅན་དྲུག་ན་ཆོས་ཤེས་བྱ་བ་དྲུག་ཡོད་དོ། །དྲུག་པོ་དེ་དང་གཟུགས་མེད་གསུམ་སྟེ་དགུ་ན་རྗེས་ཤེས་བྱ་བའོ། །དེ་བཞིན་སྡུག་ཀུན་འགོག་ལམ་ཟད་མི་སྐྱེ་དྲུག་པོ་ས་དགུ་པོ་དེ་དག་ན་ཡོད་དོ། །གཞན་ཡིད་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ན་སྟེ། དེ་ནི་འདོད་དང་གཟུགས་ཀྱི་རྟེན་ཅན་གྱིས་མངོན་སུམ་དུ་བྱེད་དོ། ཆོས་ཤེས་བྱ་བ་འདོད་པའི་རྟེན་ཅན་ཁོ་ནར་མངོན་སུམ་དུ་བྱེད་ལ། གཉིས་པོ་མ་གཏོགས་གཞན་ཐམས་ཅད་ཁམས་གསུམ་པའི་རྟེན་ཅན་ནོ།།

 

༥༽མཐོང་ལམ་གྱི་གནས་སྐབས་ཤེས་པ་དུ་ཐོབ་པ་དང་དེ་སྐབས་ཀྱི་ཐོབ་པ་ཞེས་པའི་གོ་དོན་ཅི?

 

ཞུ་ལན། དང་པོ། མཐོང་ལམ་གྱི་གནས་སྐབས་ཤེས་པ་དུ་ཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་དང་། ཤེས་པ་ཇི་ལྟར་སྐྱེས་པ་རྣམས་དེ་དང་འདྲ་བར་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་ཐོབ་པར་འགྱུར་རོ། །མཐོང་བའི་ལམ་དེ་ཉིད་ལ་རྗེས་ཤེས་གསུམ་ལ་ནི་ཀུན་རྫོབ་ཤེས་པ་ཡང་ཐོབ། ཆོས་ཤེས་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་གཏོགས་པའི་ཕྱིར་རོ། གཉིས་པ། དེ་སྐབས་ཀྱི་ཐོབ་པ་ཞེས་པའི་གོ་དོན་ནི། མ་འོང་པ་མི་སྐྱེས་བའི་ཆོས་མངོན་འགྱུར་གྱི་སྒོ་ནས་མ་ཐོབ་པ་ལྡན་པའི་སྒོ་ནས་ཐོབ་པ་ལ་ཐོབ་པ་ཞེས་བྱའོ།

 

 

༦༽རྒྱུ་བསམ་གཏན་ནམ་སྙོམས་པར་འཇུག་པ་ཇི་ལྟ་བ་ཡིན་གཞུང་དང་མཐུན་པར་ཁོད?

 

ཞུ་ལན། རྒྱུ་བསམ་གཏན་ནམ་སྙོམས་པར་འཇུག་པ་ཇི་ལྟ་བུ་ཞེ་ན། དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་འབྲང་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པར་ རིག་པར་བྱའོ། །དེ་ཡང་སེམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི་གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་རྩེ་གཅིག་པ་ཉིད་ཡིན་ནོ། །རྩེ་གཅིག་པ་ཞེས་པའང་དམིགས་པ་གཅིག་པ་ཉིད་དོ། །འདིས་སེམས་ པར་བྱེད་པས་བསམ་གཏན་ཏེ། སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་སོ།།

 

༧༽ཐོད་རྒལ་གྱི་སྙོམས་འཇུག་ཞེས་པ་ཇི་ལྟ་བུ་ཞིག་ལ་ངོས་བཟུང་དགོས་པ་ཡིན?

 

ཞུ་ལན། ཐོད་རྒལ་གྱི་སྙོམས་འཇུག་ནི། ས་བརྒྱད་དེ་བསམ་གཏན་དང་གཟུགས་མེད་རྣམས་སོ། །དེ་ཡང་ཟག་བཅས་ཟག་མེད་རྣམ་པ་གཉིས་སོ། །འབྲེལ་བ་གོ་རིམ་བཞིན་དང༌། གཅིག་བརྒལ་བ་ནི་རེ་རེ་ནས་བརྒལ་ནས་སོ། །སོང་ཞིང་ནི་ལུགས་མཐུན་དུ་སྙོམས་པར་ཞུགས་ནས་སོ།  འོངས་ནས་ནི་ལུགས་མི་མཐུན་དུ་སྙོམས་པར་ཞུགས་ནས་སོ། །དེ་ལྟར་ཟག་བཅས་ས་བརྒྱད་ཟག་མེད་བདུན་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་སྒོ་ནས་བྱང་བར་བྱས་ནས། ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པའི་གསུམ་པར་འགྲོ་ཞིང་དེ་ནས་ནམ་མཁའ་མཐའ་ཡས་ལ། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་འཇུག་གོ།

 

༨༽ཅིའི་ཕྱིར་གོང་དུ་སྐྱེས་པའི་སྙོམས་འཇུག་འོག་མ་མངོན་སུམ་དུ་མི་བྱེད་པའི་རྒྱུ་མཚན་ཁ་གསལ་དགོད?

 

ཞུ་ལན།།ཅིའི་ཕྱིར་གོང་དུ་སྐྱེས་པ་སྙོམས་འཇུག་འོག་མ་མངོན་སུམ་དུ་མི་བྱེད་ ཅེ་ན། དེ་ལ་ནི་འོག་མའི་རྫས་ཀྱིས་ཅུང་ཟད་ཀྱང་དགོས་པ་མེད་དེ་དམན་པའི་ ཕྱིར་རོ། །སྤྱིར་བསྟན་ནས་དམིགས་བསལ་སྲིད་རྩེར་སྐྱེས་པའི་འཕགས་པ་ ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་ཟག་པ་ཟད་ པར་འགྱུར་རོ། །འདི་དག་གི་དམིགས་པ་ཅི་ཡིན་ན། སྲེད་བཅས་ཏེ་རོ་མྱང་བ་ དང་མཚུངས་པར་ལྡན་པ་རྣམས་རང་གི་ས་པའི་སྲིད་པ་ལ་དམིགས་སོ། །སྲིད་ པ་ནི་ཟག་པ་དང་བཅས་པའི་དངོས་པོ་ཆགས་བྲལ་ཡིན་པས་འོག་མ་ལ་མི་ དམིགས་སོ། །ས་རྣམས་ནི་སྲེད་པ་ཡོངས་སུ་བཅད་པའི་ཕྱིར་གོང་མ་ལ་ཡང་ མ་ཡིན་ནོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་མེད་ལ་ཡང་མ་ཡིན་ནོ།།

 

༩༽མདོ་ལས་བཤད་པའི་ཏིང་ངེ་འཛིན་གསུམ་གང་ཡིན་ངོས་བཟུང་ནས་དེ་དག་གི་ས་མཚམས་དང་བཅས་བྲིས?

 

ཞུ་ལན། མདོ་ལས། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་དཔྱོད་དང་བཅས་པ་དང༌། རྟོགས་དཔྱོད་མེད་པའི་ཏིང་ངེ་འཛིན་གསུམ་མོ། དང་པོ། བསམ་གཏན་ཁྱད་པར་ཅན་དེ་མན་ཆད་བསམ་གཏན་དང་པོ་དང་། གཉིས་པ། མི་ལྕོགས་པ་མེད་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ནོ། གསུམ་པ། བསམ་གཏན་དང་པོ་ཡན་ཆད་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་ནི་རྟོག་པ་དང་དཔྱོད་པ་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཡིན་ ནོ།།

 

༡༠༽མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་པ་ཇི་ལྟ་བུ་ཞིག་ལ་བཞག་དགོས་པ་ཡིན་རྒྱུ་མཚན་བཅས་འཇོག?

 

ཞུ་ལན། མཚན་མ་མེད་པའི་ཏིང་ངེ་འཛིན་ནི། ཞི་བའི་རྣམ་པ་དང་འགོག་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་རྣམ་པ་བཞི་པོ་ཡིན་ནོ། །མྱང་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ། ཞེས་གསུངས་སོ།།

 

 

 

 

 

 

 

 

 

 

 

 


 

 

 


བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,12,དྲིས་ལན་སྣ་ཚོགས།,8,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,9,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,7,མཛོད་ཀྱི་དཔེ་ཁྲིད།,84,ཤེར་ཕྱིན་གྱི་དཔེ་ཁྲིད།,2,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།
མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།
མངོན་པ་མཛོད་ཀྱི་དྲི་བ་དྲིས་ལན་ཞུགས་སོ།།
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/w310-h431/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
https://blogger.googleusercontent.com/img/b/R29vZ2xl/AVvXsEjAh5QJoR2cRq8GWXx78LM7XqoDuhTPu2F80LzMOy_hMvjyiER-d-7T0B2ZjWvKNqbKaikW54Ngj5Acn1IUBfv6kw9Cm-iZTLOOLO0EogXp2go4KKL90VcETwPqYAk9rhgwIEDo7p2KakbWH-q1f9uwf6k65gy5qYZPKobSY7EUCh772TjmuThHcwR7/s72-w310-c-h431/%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%91%E0%BD%94%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8D.png
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2022/12/blog-post_6.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2022/12/blog-post_6.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content