འདུས་བྱས་ཀྱི་དོན་བཤད་པ་གང་ལ་གང་ཤེས་ཀྱི་གཏམ།

འཕྲིན་ལས། བསྟན་བཅོས་མཁན་ལོ་ངོ་དང་པ། སྤྱི་ལོ་ ༢༠༢༦   གང་ལ་གང་ཤེས་ཀྱི་གཏམ།  གང་ཞིག་རྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བས...

འཕྲིན་ལས།
བསྟན་བཅོས་མཁན་ལོ་ངོ་དང་པ།
སྤྱི་ལོ་ ༢༠༢༦

 གང་ལ་གང་ཤེས་ཀྱི་གཏམ། 

གང་ཞིག་རྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བས་ན། །བཤེས་གཉེན་དམ་པ་དེ་ལ་བསྟེན་པར་བྱ། ། ཞེས་གསུངས་པ་ལྟར། རང་ལ་ཚེ་འདིའི་ཕ་མ་གཉིས་ལས་ཀྱང་བཀའ་དྲིན་ལྷག་པའི་དགེ་བའི་བཤེས་གཉེན་དང་མཆེད་གྲོགས་ཡོངས་ལ། སྐུ་གཟུགས་བཟང་པོ་ཞུ་ནི་དང་།

ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཆོད་བརྗོད་དང་རྩོམ་པ་དམ་བཅའ་གཉིས།

མཆོད་བརྗོད།

ཐུབ་བསྟན་དྲི་མ་མེད་པའི་བདུད་རྩིའི་ཆུས། །འགྲོ་བའི་རྨོངས་པ་མཐའ་དག་བཀྲུས་བྱས་ནས། །

བློ་གྲོས་རིན་ཆེན་རྒྱན་ཚོགས་སྦྱིན་མཛད་པའི། །མི་ཕམ་པདྨ་དཀར་པོ་དེར་ཕྱག་འཚལ། །

རྩོམ་པ་དམ་བཅའ།

འདུས་བྱས་གཏམ་ནི་ཕྲན་ཙམ་འབྲི་བར་བྱ། །

བར་དུ་དགེ་བ་གཞུང་དོན་ལ་ལྔ། ༡༽ འདུས་བྱས་ཀྱི་ཐ་སྙད་བྱུང་ཚུལ། ༢༽ མཚན་ཉིད་བཞག་པ། ༣༽ དབྱེ་བ། ༤༽ རྣམ་གྲངས། ༥༽ མཇུག་བསྡུ་བའོ། ། དང་པོ། 

འདུས་བྱས་ཀྱི་ཐ་སྙད་བྱུང་ཚུལ།  《འཕགས་པ་སྟོབས་པོ་ཆེའི་མདོ་》ལས། “འདུས་བྱས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་འདྲའོ། །འདུས་བྱས་ཐམས་ཅད་ནི་གློག་དང་སྤྲིན་དང་འདྲའོ། །འདུས་བྱས་ཐམས་ཅད་ནི་ཆུའི་ཆུ་བུར་དང་འདྲའོ། །འདུས་བྱས་ཐམས་ཅད་ནི་མར་མེ་དང་འདྲའོ། །” ཞེས་གསུངས་ཡོད་པ་དང་།

《དབུ་མ་རྩ་བ་ཤེས་རབ་》ལས།

གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་གྱུར། །

ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །

ཞེས་དང་།

འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །

ཞེས་གསུངས་པ་དང་། (《རྡོ་རྗེ་གཅོད་པ་》) ལས་ཀྱང་།

སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །

རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །

ཞེས་གསུངས་པ་དང་། 《མངོན་པ་མཛོད་》ལས་ཀྱང་།

འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །

ཞེས་གསུངས་པས། འདུས་བྱས་ཞེས་པའི་ཐ་སྙད་འདི་《མངོན་པའི་མཛོད་》ལས་ཙམ་མ་ཡིན་པར། མདོ་དང་ཐེག་ཆེན་ཐེག་དམན་གྱི་གཞུང་ལས་ཀྱང་བཤད་སྲོལ་རྒྱ་ཆེན་པོ་འདུག །མདོར་ན་འདུས་བྱས་ཞེས་པའི་ཐ་སྙད་འདི་རང་རང་སོ་སོའི་གཞུང་དང་སྦྱར་ནས་དོན་བརྡ་ཐ་དད་པར་ཡོད་པར་སྙམ་མོ། །


གཉིས་པ། མཚན་ཉིད་བཞག་པ་ལ་གཉིས། གཞན་གྱི་བཞག་ཚུལ་དང་རང་ལུགས་ཀྱི་བཞག་ཚུལ་ལོ། ། ༡༽ གཞན་གྱི་བཞག་ཚུལ་ནི།

རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་《མངོན་པའི་མཛོད་ཀྱི་དཀའ་གནད་ལེགས་བཤད་》ལས། “རང་གི་རྒྱུ་རྐྱེན་ལས་སྐྱེས་པས་རབ་ཏུ་ཕྱེ་བར་དམིགས་པ།” ཞེས་བཞག་ཡོད་པ་དང་། རྒྱལ་དབང་དགེ་འདུན་གྲུབ་ཀྱིས་མཛད་པའི་《མཛོད་འགྲེལ་ཐར་ལམ་གསལ་བྱེད་》ལས། “རྒྱུ་རྐྱེན་རྣམས་ཕྲད་ཅིང་འདུས་ནས་བྱས་པའི་འདུས་བྱས།” ཞེས་བཞག་འདུག ། 《མཛོད་འགྲེལ་གཞོན་ནུའི་རྣམ་རོལ་》ལས། “རྒྱུ་རྐྱེན་དུ་མ་འདུས་ཤིང་ཕྲད་ནས་བྱས་པའི་འདུས་བྱས་ཀྱི་ཆོས་རྣམས་ཡིན་ལ།” ཞེས་གསུངས་པ་དང་། 《མཆིམས་ཆུང་》ལས། “མཚན་ཉིད་ནི་རྒྱུ་ལས་སྐྱེས་པའོ། །” ཞེས་གསུངས་སོ། །


༢༽ རང་ལུགས་ལ་བཞག་ཚུལ་ནི།

གོང་གི་མཚན་ཉིད་རྣམས་ལས་ཐ་དད་པ་ཞིག་རང་ལུགས་ལ་མི་བཞག་པར་སྙམ་མོ། །《མཛོད་རང་འགྲེལ་》ལས། “རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་ཏེ།” ཞེས་གསུངས་སོ། །


གསུམ་པ། དབྱེ་བ་ནི།

《མཛོད་རང་འགྲེལ་》ལྟར་བཞག་ན། དེ་དག་ཀྱང་གཟུགས་ཀྱི་ཕུང་པོ་དང་། ལ་སོགས་པ་ཚོར་བའི། འདུ་ཤེས་ཀྱི། འདུ་བྱེད་ཀྱི། རྣམ་པར་ཤེས་པའི་ཕུང་པོ་ལྔ་སྟེ། དེ་དག་ཉིད་ནི་འདུས་བྱས་སོ། །རྩ་བ་ལས། “གཟུགས་ལ་སོགས་པའི་ཕུང་པོ་ལྔ།” ཞེས་གསུངས་སོ། ། སྤྱིར་འདུས་བྱས་ཀྱི་ཆོས་ལ་གྲངས་ལས་འདས་པ་ཡོད་ཀྱང་། ལྔར་གྲངས་ངེས་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་ལུང་གིས་སྒྲུབ་པ་དང་། རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ལུང་གིས་སྒྲུབ་པ་ནི། 《མཆིམས་ཆེན་》ལས། “བདག་དང་བདག་གིར་འཛིན་པའི་གཞི་རབ་ཏུ་བསྟན་པའི་ཕྱིར་མང་བའམ་ཉུང་བ་མ་ཡིན་ཏེ། བྱིས་པ་དག་ནི་ཕལ་ཆེར་རྣམ་པར་ཤེས་པ་ཉིད་ལ་ནི་བདག་ཏུ་འཛིན་ལ། གཟུགས་ལ་སོགས་པ་ལྷག་མ་རྣམས་ལ་ནི་བདག་གིར་འཛིན་ཏེ།” ཞེས་པ་དང་། 《ཀུན་ལས་བཏུས་》ལས་ཀྱང་། “བདག་ཏུ་འཛིན་པའི་གཞི་རྣམ་པ་ལྔ་བསྟན་པའི་ཕྱིར་ཕུང་པོ་བསྟན་ཏོ། །” ཞེས་དགོས་པ་ལ་ལྟོས་ནས་གྲངས་ངེས་པར་བཤད་དོ། །《མཛོད་འགྲེལ་དབྱིག་གཉེན་དགོངས་རྒྱན་》ལས་ཀྱང་། “བདག་དང་བདག་གིར་འཛིན་པའི་གཞི་བསྟན་པའི་ཕྱིར།” ཞེས་གསུངས་སོ། ། གཉིས་པ་རིགས་པས་སྒྲུབ་པ་ནི། སྤྱིར་ཁ་དོག་ལ་གྲངས་ལས་འདས་པ་ཡོད་ཀྱང་། ཁ་དོག་ཡིན་ན། རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས་ཀྱི་ནང་དུ་བསྡུ་བ་བཞིན་ནོ། །


བཞི་པ། རྣམ་གྲངས་ནི།

《མཛོད་》རྩ་བ་ལས།

དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས། །

སྤྱིར་བཏང་མིང་གི་རྣམ་གྲངས་ནི། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པ། ཀུན་མཁྱེན་ཉི་མའི་གཉེན། བུ་རམ་ཤིང་པ་དེ་དག་ནི་སངས་རྒྱས་ཀྱི་མིང་གི་རྣམ་གྲངས་ཡིན་པ་མ་ཟད་ཕན་ཚུན་ཁྱབ་མཉམ་ཡིན་པ་འདུག་ལགས། གཞན་ཡང་དཔེར་ན། རྗེས་སུ་དཔག་པའི་གཞི་དང་བསྒྲུབ་བྱའི་ཆོས་རྣམས་དོན་གཅིག་མིང་གི་རྣམ་གྲངས་ (ཁྱབ་མཉམ་) ཡིན་ཡང་། གོང་གི་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་ (དུས་དང་། གཏམ་དང་། གཞི་ལྟ་བུ་) ནི་དེ་བཞིན་མ་ཡིན་ནོ། །ཅི་ཕྱིར་ཞེ་ན། རྣམ་གྲངས་དེ་དག་རེ་རེ་བཞིན་འདུས་བྱས་ཀྱི་ཆོས་དང་ཁྱབ་མཉམ་མེད་པའི་ཕྱིར་རོ། ། (ནུས་པ་མེད་པའི་དུས་ལ་སོགས་པ་འདུས་བྱས་ཡིན་ཡང་དུས་ཀྱིས་མ་བསྡུས་པ་སོགས་ཀྱི་ཞིབ་ཆ་ཡོད།)

མཐར་འཇུག་མཇུག་བསྡུ་བ་ནི།

བདག་གིས་ཆོས་མངོན་པ་ལ་བསམ་ཞིང་འཛིན་པའི་དགེ་བའི་རྩ་བ་ཐམས་ཅད་མ་རྒན་སེམས་ཅད་ཐམས་ཅད་ཀྱི་ཕན་བདེའི་རྒྱུར་འགྱུར་བར་ཤོག །

ཆུ་ཁ་ འཕྲིན་ལས།

བསམ་འཆར།

BLOGGER
Name

གློག་བརྙན་གྱི་རིགས།,13,དྲིས་ལན་སྣ་ཚོགས།,16,བསྟན་བཅོས་མཁན་ལོ་ངོ་གཉིས་པ།,10,བསྟན་བཅོས་མཁན་ལོ་ངོ་གསུམ་པ།,5,བསྟན་བཅོས་མཁན་ལོ་ངོ་དང་པ།,17,
ltr
item
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།: འདུས་བྱས་ཀྱི་དོན་བཤད་པ་གང་ལ་གང་ཤེས་ཀྱི་གཏམ།
འདུས་བྱས་ཀྱི་དོན་བཤད་པ་གང་ལ་གང་ཤེས་ཀྱི་གཏམ།
https://blogger.googleusercontent.com/img/b/R29vZ2xl/AVvXsEjSiyItARvV7OXvxHRDSyrr0wLIyURgxEax9ZePcNczjGyg9TdAz0OygYD6bq45cWv4ZbmW3A1gtt2juLbm7yzhJXe_hKcmTauSBn0GlBSz0dKwpi3ucjCKtO6HrcculUaO21AqDfVH_v44su6VIqkPO7yBrqHWS24suMGTMKU1aqWwTHnLNijNam2YWTo/s320/IMG_7544.jpeg
https://blogger.googleusercontent.com/img/b/R29vZ2xl/AVvXsEjSiyItARvV7OXvxHRDSyrr0wLIyURgxEax9ZePcNczjGyg9TdAz0OygYD6bq45cWv4ZbmW3A1gtt2juLbm7yzhJXe_hKcmTauSBn0GlBSz0dKwpi3ucjCKtO6HrcculUaO21AqDfVH_v44su6VIqkPO7yBrqHWS24suMGTMKU1aqWwTHnLNijNam2YWTo/s72-c/IMG_7544.jpeg
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
https://sangkhorshedra.blogspot.com/2026/05/blog-post_264.html
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/
https://sangkhorshedra.blogspot.com/2026/05/blog-post_264.html
true
6046165204140389421
UTF-8
ཆོས་ཚན་ག་ར་ལྟ། དེ་བཟུམ་མི་ནུག ག་ར་ལྟ། མངམ་ལྷག ལན། ལན་ཆ་མེད་བཏང་། བཏོན་བཏང་། By གདོང་ཤོག ཤོག་ལྷེ། POSTS ག་ར་ལྟ། འ་ནི་ནཱ་གིས་གཟིགས་དགོཔ་འདུག སྡེ་ཚན། ARCHIVE འཚོལ། ALL POSTS ནཱ་གིས་འཚོལ་མི་འདི་ང་བཅས་ནང་ལས་ཐོབ་མ་ཚུགས། གདོང་ཤོག་གུ་ལོག ཟླ་བ། མིག་དམར། ལྷག་པ། ཕུར་པ། པ་སངས། སྤེན་པ། ཉི་མ། ཟླ། མིག ལྷགཔ། ཕུརཔ། པ་སངས། སྤེནམ། ཉིམ། དང་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། དངམ། གཉིསཔ། གསུམ། བཞིཔ། ལྔ་པ། དྲུགཔ། བདུནམ། བརྒྱདཔ། དགུཔ། བཅུཔ། བཅུ་གཅིགཔ། བཅུ་གཉིསཔ། ད་ལྟོ། སྐར་མ་གཅིག་གི་ཧེ་མ། $$1$$ minutes ago ཆུ་ཚོད་གཅིག $$1$$ hours ago ཁ་ཙ། $$1$$ ཉིནམ། $$1$$ བདུན་ཕྲག བདུན་ཕྲག་ལྔ་ལས་མངམ་ཡར་སོང་ཡོད། རྗེས་སུ་འཇུག་མི། རྗེས་སུ་འཇུག THIS PREMIUM CONTENT IS LOCKED STEP 1: མི་སྡེ་བརྡ་བརྒྱུད་ཚུ་ནང་གཏོང་། STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy Table of Content